མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུའི་ནང་སྤྱི་ལོ་2023ལོར་ཀྲུང་གོའི་དཔལ་འབྱོར་གྱིས་ས་ཁོངས་དཔལ་འབྱོར་འཕར་བར་སྐུལ་ཁྲིད་ཐུབ་པ་སྔོན་དཔག་བྱས་འདུག
སྤྱི་ཚེས་25ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས《སྤྱི་ལོ་2023ལོའི་འཛམ་གླིང་གི་དཔལ་འབྱོར་དུས་བབ་དང་རྒྱང་ལྟ》ཞེས་པའི་སྙན་ཞུ་ཁྱབ་བསྒྲགས་བྱས་པའི་ནང་། སྤྱི་ལོ་2023ལོར་འཛམ་གླིང་གི་དཔལ་འབྱོར་འཕར་ཚད་དེ་སྤྱི་ལོ་2022ལོའི་3%ཙམ་ནས་1.9%ལ་ཆག་རྒྱུ་རེད་ཅེས་སྔོན་དཔག་བྱས་པ་མ་ཟད། སྙན་ཞུའི་ནང་ད་དུང་ཀྲུང་གོའི་དཔལ་འབྱོར་གྱིས་ས་ཁོངས་ཀྱི་དཔལ་འབྱོར་འཕར་བར་སྐུལ་ཁྲིད་ཐུབ་རྒྱུ་རེད་ཅེས་སྔོན་དཔོག་བྱས་འདུག
སྙན་ཞུའི་ནང་སྤྱི་ལོ་2023ལོར་ཀྲུང་གོའི་དཔལ་འབྱོར་འཕར་ཚད་མགྱོགས་སུ་འགྲོ་བ་དང་། ཀྲུང་གོའི་སྲིད་གཞུང་གི་རིམས་འགོག་སྲིད་ཇུས་ལེགས་སུ་བཏང་བ་དང་དཔལ་འབྱོར་ལ་ཕན་པའི་བྱ་ཐབས་ལག་བསྟར་བྱས་པ་དང་བསྟུན་ནས་འབྱུང་འགྱུར་དུས་སྐབས་ཤིག་རིང་ཀྲུང་གོའི་རྒྱལ་ནང་གི་འཛད་སྤྱོད་དགོས་མཁོ་ཡང་ཆེ་རུ་སོང་ནས་ད་ལོར་ཀྲུང་གོའི་དཔལ་འབྱོར་འཕར་ཚད་དེ4.8%ལ་བསླེབ་རྒྱུ་རེད་ཅེས་སྔོན་དཔག་བྱས་འདུག
ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པ་ཞུས་ཏེ་ཀྲེས། ད་ལོའི་སྙན་ཞུའི་ནང་ཀྲུང་གོའི་དཔལ་འབྱོར་4.8%འཕར་རྒྱུ་ཡིན་པ་ངོས་འཛིན་བྱས་ཡོད་པ་དང་། ཁྱེད་ཀྱིས་བལྟས་ན་འདི་ནི་དགའ་འོས་པའི་གྲངས་གཞི་ཞིག་ཡིན་ནམ། ལྷག་པར་དུ་སྙན་ཞུའི་ནང་དཀའ་ཚེགས་ཆེ་བའི་ལོ་འདིའི་ནང་དེ་འདྲ་བཤད་པ་ནི་བདེན་ནམ།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་པུའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ཀྲུའུ་རེན་ཧ་སྨི་ཏེ·ལ་ཤིས་ཏེས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་དང་མི་འདྲ་བར་ཀྲུང་གོས་སྟོབས་དང་ལྡན་པའི་ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་རྒྱུན་འཁྱོངས་བྱས་པར་བརྟེན་ནོར་སྲིད་དང་དངུལ་ལོར་གྱི་ཐོག་ནས་བལྟས་ན་ཀྲུང་གོར་ནུས་ཤུགས་ཆེན་པོ་ལྡན་ཞེས་བསྟན།
གནས་ཚུལ་སྤེལ་བར། ཀྲུང་གོའི་དཔལ་འབྱོར་འཕར་སྣོན་ཕྱིན་པ་དེས་ཨེ་ཤེ་ཡ་ཤར་མའི་རྒྱལ་ཁབ་མང་པོར་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ངེས་ཡིན་པ་དང་སྔོན་དཔག་བྱས་ན་ཀྲུང་གོའི་དཔལ་འབྱོར་སླར་གསོ་ལས་ས་ཁོངས་ཧྲིལ་པོའི་དཔལ་འབྱོར་འཕར་བར་ནུས་པ་གལ་ཆེན་འདོན་ངེས་རེད།
སྙན་ཞུའི་ནང་ད་དུང་ཏོག་གསར་རིམས་ནད་དང་། ཡུག་རེན་གྱི་ཉམས་ཉེན། དངུལ་ལོར་འགྲེམས་ཐལ་ཤོར་བ་སོགས་ཀྱི་ཤུགས་རྐྱེན་ལས་སྤྱི་ལོ་2022ལོར་འཛམ་གླིང་གི་དཔལ་འབྱོར་ལ་གཏོར་སྐྱོན་ཆེན་པོ་ཕོག་པ་དང་། སྤྱི་ལོ་2023ལོར་འཛམ་གླིང་དཔལ་འབྱོར་ལ་མུ་མཐུད་གནོན་ཤུགས་ཐེབས་ངེས་པ་སྟེ། སྔོན་དཔག་བྱས་ན་སྤྱི་ལོ་2023ལོར་འཛམ་གླིང་གི་དཔལ་འབྱོར་འཕར་ཚད་དེ་སྤྱི་ལོ་2022ལོའི་3%ནས་1.9%ལ་ཆག་རྒྱུ་རེད་ཅེས་བསྟན་འདུག། སྙན་ཞུའི་ནང་སྤྱི་ལོ་2023ལོར་ཡོ་རོབ་མནའ་འབྲེལ་གྱི་དཔལ་འབྱོར0.2%་དང་། ཨ་རིའི་དཔལ་འབྱོར0.4%། འཕར་ཕན་གྱི་དཔལ་འབྱོར1.5%བཅས་འཕར་རྒྱུ་ཡིན་པ་སྔོན་དཔག་བྱས་འདུག
འཕྲིན་སྟེགས། weikangba