ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ནོར་སྲིད་པུའུ་དང་། ཀྲུང་གོའི་མི་དམངས་དངུལ་ཁང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ། རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་སོགས་སྡེ་ཚན་18དང་མཉམ་འབྲེལ་ཐོག《ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ཁུལ་ཆེ་གྲས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ནང་མཉམ་འདྲེས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》དཔར་འགྲེམས་བྱས་པ་རེད། དེའི་ནང་གནས་སྤོས་མི་འབོར་གྲོང་མིར་འགྱུར་མགྱོགས་སུ་བཏང་ནས་གོ་རིམ་ལྡན་པའི་ངང་གྲོང་ཁྱེར་དང་གྲོང་རྡལ་དུ་གཞིས་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་འཁོད་ཡོད་པ་རེད། གནས་སྤོས་མི་འབོར་གྱི་གཞིས་ཆགས་གྲོང་ཁྱེར་དང་གྲོང་རྡལ་གྱི་འདོད་བློར་བརྩི་འཇོག་གང་ལེགས་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ཐེམ་ཐོ་བསྒྱུར་བའི་བྱ་ཐབས་ཞིབ་ཕྲ་བཟོ་བ་དང་། ཐེམ་ཐོའི་ཐོ་འགོད་དང་གནས་སྤོའི་སྟབས་བདེའི་ཚད་གཞི་མཐོ་རུ་གཏོང་བ། ཆ་རྐྱེན་དང་འདོད་མོས་ཡོད་པའི་གནས་སྤོའི་མང་ཚོགས་གྲོང་ཁྱེར་དུ་གཞིས་ཆགས་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས། གྲོང་མི་གསར་པའི་སྡོད་གནས་ལག་ཁྱེར་ལམ་ལུགས་བརྟན་པོའི་ངང་ཁྱབ་སྤེལ་ཧུར་ཐག་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུས་ཁྱིམ་ཐོ་སྤོས་མེད་པའི་མི་འབོར་ལ་རིམ་བཞིན་ཁེབས་པར་བྱ་དགོས། གཞིས་ཆགས་ཟིན་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གནས་སྤོས་མང་ཚོགས་ཀྱི་གནས་སྤོས་ས་གནས་ཀྱི་གྲོང་གསེབ་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱ་དགོས།
འཕྲིན་སྟེགས། weikangba