ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ་ལྔ་དང་ཚེག་བརྒྱད་བྱུང་འདུག

2023-01-26
427

  ཟླ་༡ཚེས་༢༦ཉིན་གྱི་ཆུ་ཚོད་༧དང་སྐར་མ་༣༠ཡི་ཐོག་སི་ཁྲོན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ་༥དང་ཚེག་༦བྱུང་ཞིང་།ས་གནས་དེ་གར་འགུལ་ཚོར་ཆེན་པོ་བྱུང་བ་དང་ཁྲེང་ཏུའུ་གྲོང་ཁྱེར་དུའང་འགུལ་ཚོར་མངོན་གསལ་དོད་པོ་བྱུང་ཡོད། འགུལ་ལྟེ་ནི་སྤྱི་ལེ་༥་ཡི་ཁྱབ་ཁོངས་སུ་ཆ་སྙོམས་མཚོ་འཕགས་སྨི་༣༩༨༤ཡོད། ཐེངས་འདིའི་འགུལ་ལྟེ་དེ་ལྕགས་ཟམ་རྫོང་གྲོང་དང་བར་ཐག་སྤྱི་ལེ་༣༨དང་།དར་མདོ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་༤༡།ཁྲེང་ཏུའུ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་༢༢༩བཅས་ཡོད་ཅིང་།༢༠༢༢ལོའི་ཟླ་༩་པའི་ཚེས་༥ཉིན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་བརྒྱབ་པའི་ས་འགུལ་རིམ་པ་དྲུག་ཚེག་བརྒྱད་ཀྱི་འགུལ་ལྟེ་ནས་སྤྱི་ལེ་༨ ་ཡོད་པ་རེད།


  • 顶 0