2023ལོའི་ཡིག་རྒྱུགས་གལ་ཆེན་འདི་དག་གི་དུས་ཚོད་ཡོངས་བསྒྲཊ་བྱས་འདུག
མགྱོགས་པོ་ལྟོས་དང་། སྤྱི་ལོ་2023ལོའི་ལོ་འཁོར་གྱི་ཆེད་ལས་ལག་རྩལ་མི་སྣའི་ལས་རིགས་ཐོབ་ཐང་རྒྱུགས་ལེན་འཆར་གཞི་ཁྱབ་བསྒྲགས་བྱས་འདུག
མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་གཞུང་དོན་ཐིང་གིས་སྤྱི་ཟླ་1པོའི་ཚེས་16ཉིན་སྤྱི་ལོ་2023ལོའི་ལོ་འཁོར་གྱི་ཆེད་ལས་ལག་རྩལ་མི་སྣའི་ལས་རིགས་ཐོབ་ཐང་རྒྱུགས་ལེན་འཆར་གཞི་དང་དེའི་འབྲེལ་ཡོད་དོན་ཚན་སྐོར་གྱི་བརྡ་ཐོ་ཁྱབ་བསྒྲགས་བྱས་ཏེ། སྤྱི་ལོ་2023ལོའི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དང་། བཟོ་སྐྲུན་པ། རྩིས་གཉེར་སོགས་ཀྱི་ཐོབ་ཐང་རྒྱུགས་ལེན་དུས་ཚོད་ཁ་གསལ་བཀོད་སྒྲིག་བྱས་པ་རེད། བརྡ་ཐོའི་ནང་ས་གནས་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཡིག་རྒྱུགས་སྒྲིག་འཛུགས་དང་ལག་བསྟར་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ། ཡིག་རྒྱུགས་ཐོ་འགོད་ཀྱི་ངོ་སྤྲོད་ཡི་གེའི་དོན་གནད་གསལ་བཤད་ཁས་ལེན་ལམ་ལུགས་ཁྱབ་སྤེལ་ཧུར་ཐག་གཏོང་བ་དང་། ཆ་རྐྱེན་དང་མཐུན་པའི་ཆེད་ལས་ལག་རྩལ་མི་སྣས་ཐབས་ལམ་ཡང་དག་བརྒྱུད་མིང་ཐོ་འགོད་པར་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། དྲིལ་བསྒྲགས་རྫུས་མར་ཡིད་ཆེས་གཏན་ནས་བྱེད་མི་རུང་།
བརྡ་ཐོའི་ནང་། རྒྱལ་ཁབ་ཀྱི་ལས་རིགས་ཐོབ་ཐང་ཡིག་རྒྱུགས་དེ་རྩ་གནད་དང་། བརྗོད་གཞི། སྒྲིག་འཛུགས་བཅས་གཅིག་གྱུར་གྱིས་ལག་བསྟར་བྱ་རྒྱུ་ཡིན་ཞིང་། རྒྱལ་ཁབ་ཀྱིས་གསོ་སྦྱོང་ལས་ཁུངས་ལ་ལས་རིགས་ཐོབ་ཐང་རྒྱུགས་ལེན་གྱི་གསོ་སྦྱོང་ལས་དོན་སྤེལ་རྒྱུར་གཏན་འཁེལ་བྱེད་མྱོང་མེད། སྒྲིག་འགལ་ངང་ལག་ཁྱེར་རྫུན་མ་སྤྲད་པ་དང་། ཡིག་རྒྱུགས་ལོན་པའི་ཁས་ལེན་པ། ཡིག་རྒྱུགས་འདོན་མཁན་གྱིས་སློབ་ཚན་ཁྲིད་པ་སོགས་ལ་ཁ་གཡར་ནས་ཁྲིམས་འགལ་གྱི་གསོ་སྦྱོང་བྱེད་སྒོ་སྤེལ་བ་དང་། མགོ་སྐོར་གཏོང་བའམ་ཡང་ན་གཡོ་ལས་སྒྲིག་འཛུགས་བྱས་ཚེ་ཁྲིམས་ལྟར་འགན་འཁྲི་བདའ་འདེད་གཏོང་རྒྱུ།
བརྡ་ཐོའི་ནང་། དུས་མཚམས་གསར་པའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཡིག་རྒྱུགས་སྒྲིག་འཛུགས་ཀྱི་ལས་དོན་སྤྱི་འདོམས་ཡག་པོ་བྱས་ནས། དུས་བཀག་ལྟར་ཡིག་རྒྱུགས་ལེན་པ་དང་། ལེན་དགོས་རིགས་ཚང་མ་ལེན་པ། བདེ་འཇགས་ངང་རྒྱུགས་ལེན་པ་བཅས་མངོན་འགྱུར་ཅི་ཐུབ་བྱས་ཏེ་རྒྱ་ཆེའི་རྒྱུགས་ཞུགས་སློབ་མའི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས། གལ་ཏེ་དམིགས་བསལ་གནས་ཚུལ་དབང་གིས་རྒྱུགས་ལེན་དུས་ཚོད་ལ་འགྱུར་ལྡོག་གཏོང་དགོས་བྱུང་ཚེ་དེ་ལུགས་སྔོན་ཚུད་ནས་བརྡ་ཐོ་གཏོང་དགོས། རྐང་འཛིན་དང་དུས་བཅད་ཟོག་ཚོང་གི་ཐེབས་རྩའི་ལས་རིགས་ཀྱི་ལས་ཞུགས་མི་སྣའི་ཐོབ་ཐང་གི་ཡིག་རྒྱུགས་ལེན་ཡུལ་མི་འདྲ་ཞིང་། གནས་ཚུལ་ཞིབ་ཕྲ་འབྲེལ་ཡོད་ལས་རིགས་མཐུན་ཚོགས་ཀྱི་ཡིག་རྒྱུགས་སྤྱི་བསྒྲགས་གཞིར་འཛིན་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
འཕྲིན་སྟེགས། weikangba