ཡོངས་བསྒྲགས་བྱས་མ་ཐག་པའི་དོན་གསར། 2022ལོའི་ཟླ་12ཚེས་8ཉིན་ནས་2023ལོའི་ཟླ་1ཚེས་12ཉིན་བར། རྒྱལ་ཡོངས་ཀྱི་སྨན་ཁང་དུ་ཏོག་གསར་ནད་དུག་འགོས་པའི་འབྲེལ་ཡོད་ཚེ་འདས་ནད་དཔེ་ཁྲི་6ཙམ་ཡོད་ཅིང་། ལོ་ཚད་ཆ་སྙོམས་80.3རེད།
ཚེས་14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྨན་བཅོས་ཆབ་སྲིད་སིའི་སི་ཀྲང་ཅའོ་ཡཱ་ཧུའེ་ཡིས་ངོ་སྤྲོད་བྱས་དོན། དབྱེ་ཞིབ་བྱས་པ་བརྒྱུད་མངོན་གསལ། 2022ལོའི་ཟླ་12ཚེས་8ཉིན་ནས་2023ལོའི་ཟླ་1ཚེས་12ཉིན་བར། རྒྱལ་ཡོངས་ཀྱི་སྨན་བཅོས་སྒྲིག་གཞིར་རིམ་རྩིས་བརྒྱབ་ན་སྨན་ཁང་དུ་ཏོག་གསར་ནད་དུག་འགོས་པའི་འབྲེལ་ཡོད་ཚེ་འདས་ནད་དཔེ་59938ཡོད་ཅིང་། དེའི་ཁྲོད་ཏོག་གསར་ནད་དུག་འགོས་པས་དབུགས་ལམ་གྱི་ནུས་པ་ཉམས་ནས་ཚེ་ལས་འདས་པའི་ནད་དཔེ་5503ཡོད་པ་དང་། རྨང་གཞིའི་ནད་གཞི་ཡོད་པར་ཏོག་གསར་ནད་དུག་འགོས་ནས་ཚེ་ལས་འདས་པའི་ནད་དཔེ་54435ཡོད་པ་རེད།
ཅའོ་ཧུའེ་ཡིས་ངོ་སྤྲོད་བྱས་དོན། ཚེ་ལས་འདས་པའི་ནད་དཔེ་ལོ་ཆ་སྙོམས་80.3ཡིན་པ་དང་། ལོ་65དང་དེ་ཡན་གྱིས་90.1%བཟུང་ཡོད། དེའི་ནང་ལོ་80དང་དེ་ཡན་གྱིས་56.5%བཟུང་ཡོད། ཚེ་འདས་ནད་དཔེའི་ཁྲོད་90%ཡན་ལ་རྨང་གཞིའི་ནད་གཞི་ཡོད་ཅིང་། ནད་གཞི་གཙོ་བོ་ནི་སྙིང་གི་ཁྲག་རྩའི་ནད་དང་། དུས་མཇུག་གི་སྐྲན་ནད། ཀླད་པའི་ཁྲག་རྩའི་ནད། དབུགས་ལམ་གྱི་ནད་གཞི། རྙིང་ཚབ་གསར་འབྱེད་རང་བཞིན་གྱི་ནད་གཞི། མཁལ་མའི་ནུས་པ་ཆ་ཚང་པོ་མེད་པ་བཅས་རེད། དགུན་དུས་ནི་བགྲེས་པོའི་དབུགས་ལམ་མ་ལག་གི་ནད་གཞི་ཐོན་མང་བ་དང་སྙིང་ཀླད་ཁྲག་རྩའི་ནད་ཚབས་ལྕི་རུ་འགྲོ་བའི་དུས་ཚིགས་ཤིག་ཡིན་པས། ཉེ་དུས་ཏོག་གསར་ནད་དུག་འགོས་ཚད་མང་དུ་ཕྱིན་པར་བརྟེན་རྒན་རྒོན་རྣམས་ནད་ཀྱི་དབང་གིས་ཤི་གྲངས་ཅུང་མང་པོ་ཡོད།
ཅའོ་ཡཱ་ཧུའེ་ཡིས་བཤད་དོན། རྗེས་མར་རིགས་ཁ་པར་ཁ་པས་དོ་དམ་བྱེད་པའི་འགོས་ནད་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། འབྲེལ་ཡོད་གཞི་གྲངས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་གསར་བརྗེས་དང་འབྲེལ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་རྒྱུ་རེད།
འཕྲིན་སྟེགས། weikangba