



ལྷུན་གྲུབ་རྫོང་ཁོངས་སུ་དགུན་སྒྲོལ་བྱེད་བཞིན་པའི་དུས་བྱ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགུན་ཉི་ལྡོག་གི་རྗེས་སུ་གངས་ལྗོངས་མཐོ་སྒང་ནི་ལོ་གཅིག་གི་ནང་ནམ་ཟླ་ཆེས་འཁྱགས་པའི་དུས་སུ་སླེབས་ཤིང་། ཡར་ཀླུང་གཙང་པའི་འགྲམ་རྒྱུད་དང་ལྷ་སའི་སྐྱིད་ཆུའི་ལུང་གཞུང་། མཐོ་སྒང་གི་མཚེའུ་དང་རྒྱ་ཆེ་བའི་ཞིང་ཁ་བཅས་སུ། དགུན་སྒྲོལ་བྱེད་བཞིན་པའི་དུས་བྱ་ཁྱུ་དང་ཁྱུ་བྱས་ནས་གང་སར་རང་དབང་གིས་ཁ་ཟས་འཚོལ་ཞིང་འཕུར་ལྡིང་བྱེད་བཞིན་ཡོད་ལ། ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ། ཆུ་བྱ་སོགས་ཀྱི་དུས་བྱའི་གསུང་སྐད་རྣ་ལ་སྙན་ཞིང། དགུས་དུས་ཀྱི་གྲང་ངར་ཁྲོད་འཆམ་མཐུན་སྐྱེ་ཁམས་ཀྱི་མཉམ་སྒྲོག་རོལ་དབྱངས་ཤིག་ཅི་དགར་དཀྲོལ་ཡོད།
བོད་ལྗོངས་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་ལ། རིགས་སོ་སོ་དང་རིམ་པ་སོ་སོའི་རང་བྱུང་ཁུལ47འཛུགས་སྐྲུན་བྱས་པ་དང་། རིགས་སོ་སོའི་སྐྱེ་ཁམས་ནུས་པའི་སྲུང་སྐྱོང་ཁུལ22འཛུགས་སྐྲུན་བྱས་ནས་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི41.22ཟིན་ཡོད།