བོད་ལྗོངས་སུ་ཕོ་བྲང་པོ་ཏ་ལ་སོགས་ཕྱི་ཕྱོགས་སུ་སྒོ་འབྱེད་པ།

2022-12-09
200

2.jpg

ལྷ་སའི་ལྷོ་རི་སྤྱི་གླིང་ནས་ཕོ་བྲང་པོ་ཏ་ལར་རྒྱང་ལྟ་བྱེད་པ།

3.jpg

སི་ཁྲོན་ནས་ཡོང་བའི་དད་ལྡན་ཞིིག་གིས་ཁ་པར་རྒྱག་བཞིན་པ།

4.jpg

དཀར་མཛེས་ནས་ཡོང་བའི་དད་ལྡན་ཞིག་གིས་པོ་ཏ་ལ་ཐང་ཆེན་མདུན་དུ་པར་ལེན་བཞིན་པ།

5.jpg

སི་ཁྲོན་ནས་ཡོང་བའི་དད་ལྡན་ཞིག་གིས་པར་ལེན་བཞིན་པ།

6.jpg

སི་ཁྲོན་ནས་ཡོང་བའི་དད་ལྡན་པ་ཞིག

7.jpg

རྫོང་རྒྱབ་ཀླུ་ཁང་།

8.jpg

གྲོང་མི་ཞིག་གིས་པོ་ཏ་ལའི་པར་ལ་ལྟ་བཞིན་པ།

2.jpg

གྲོང་མི་ཞིག་གིས་ཕོ་བྲང་པོ་ཏ་ལ་པར་ལེན་བཞིན་པ།

3.jpg

སླར་གསོ་བྱས་པའི་པོ་ཏ་ལའི་ཐང་ཆེན། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས6ཉིན་གྱི་དགོང་མོར། ལྷ་ས་གྲོང་ཁྱེར་གྱི་རིམས་ནད་ལས་དོན་ཁ་གཏད་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་རིམས་ནད་འགོག་སྡོམ་ལེགས་སྒྲིག་བྱས་པའི་འབྲེལ་ཡོད་བྱེད་ཐབས་ཞིབ་ཕྲ་ཁྱབ་བསྒྲགས་བྱས་ཏེ། སྤྱི་གནས་རྒྱུན་ལྡན་ངང་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱུ་དང་། བོད་ལྗོངས་སུ་ཡོང་མཁན་དག་གིས་ཡར་ཞུ་བྱེད་མི་དགོས་ལ། བོད་ལྗོངས་སུ་ཁ་འབྲལ་དགོས་ན་ཆོག་མཆན་ཐོབ་མི་དགོས་པ་སོགས་ཀྱི་བྱེད་ཐབས14བཏོན་ཡོད་པ་མ་ཟད། གཞན་ཡང་སྤྱི་གླིང་དང་མཛེས་ལྗོངས་ཁུལ་བཅས་ཀྱི་སྤྱི་གནས་རྒྱུན་ལྡན་ངང་ཕྱི་ཕྱོགས་སུ་སྒོ་འབྱེད་དེ། ཟ་ཁང(ཇ་ཁང)བཅས་སུ་བདག་གཉེར་རང་བཞིན་གྱི་བྱ་འགུལ་སླར་གསོ་བྱས་ནས། མི་མང་འདུས་སར་འགྲོ་སྐབས་ཨང་རིས་ལ་བལྟ་དགོས་པ་སོགས་ཀྱི་གཏན་འཁེལ་གསལ་བོར་བྱས་ཡོད། 

  • 顶 0