
པར་འདི་ནི་གནམ་མཚོའི་ཟུར་ཞིག་ཡིན།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཕྱོགས་ཡོངས་ནས་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། བོད་རང་སྐྱོང་ལྗོངས་སུ་བསྡོམས་པས་རིགས་སོ་སོའི་རང་བྱུང་སྲུང་སྐྱོང་ཁུལ47ཁྲོད་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ11དང་། རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ12 ། གྲོང་ཁྱེར་དང་རྫོང་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ24ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི41.22ཟིན་།

པར་འདི་ནི2022ལོའི་ཟླ5བའི་ཚེས4ཉིན། ཇོ་རི་ཚན་རིག་རྟོག་ཞིབ་རུ་མིས་ས་བབ་སྨི8830ལྷག་གི་ཇོ་རིའི་སྟེང་འཛམ་གླིང་གི་ས་བབ་ཆེས་མཐོ་བའི་རང་འགུལ་གནམ་གཤིས་ས་ཚིགས་འཛུགས་བཞིན་པའི་ཚུལ་རེད།
རྒྱལ་ཁབ་ཀྱི་ཐེངས་གཉིས་པའི་མཚོ་བོད་མཐོ་སྒང་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་དང་མཉམ་སྡེབ་བྱས་ནས། བོད་རང་སྐྱོང་ལྗོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་མཐོ་ས་སྐྲུན་པར་སྐུལ་འདེེད་བཏང་།

པར་འདི་ནི་བོད་བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཙོད་ཡིན།
རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་གསའ་ཡི་ཁྱུ་ཚོགས་མུ་མཐུད་དུ་རྒྱ་ཆེར་ཕྱིན་པ།

པར་འདི་ནི2022ལོའི་ཟླ3པར། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་གནས་ནང་དགོན་དུ་གསའ་ཞིག་མངོན་པའི་རྣམ་པ་རེད།

པར་འདི་ནི་བོད་རང་སྐྱོང་ལྗོངས་ལྷུན་གྲུབ་རྫོང་སྟག་མགོ་ཆུ་མཛོད་མངའ་ཁོངས་ཀྱི་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་ཡིན།
རྒྱུན་མཐུད་ངང་རྒྱལ་ཁོངས་ལྗང་སྒྱུར་འགུལ་སྐྱོད་བྱ་འགུལ་སྤེལ་བས། རབ་མཛེས་བོད་ལྗོངས་ཀྱི་སྐྱེ་ཁམས་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་། 2021ལོའི་ལོ་མཇུག་བར། བོད་ལྗོངས་ཡོངས་ཀྱི་ནགས་ཚལ་ཁྱབ་ཚད12.31%དང་། རྩྭ་ཐང་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད47.53% ། བོད་ལྗོངས་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཚད99.8% ། ས་ངོས་ཆུའི་སྤུས་ཚད་ཚད་གཞིར་ལོངས་ཚད100%ལ་སླེབས།
ཡར་ཀླུང་གཙང་པོའི་ལྷོ་ཁའི་ལམ་རྒྱུད་དུ་སྡོང་འཛུགས་ནགས་སྐྲུན་བརྒྱུད་རིང་ཚད་ལ་སྤྱི་ལེ160དང་། ཆ་སྙོམས་ཞང་ཚད་སྤྱི་ལེ1.8ཟིན་པའི་ལྗང་མདོག་ཁྱམས་རིང་གྲུབ་ཡོད།

པར་འདི་ནི་འབྲོང་ཁྱུ་ཞིག་བོད་རང་སྐྱོང་ལྗོངས་སྒེར་རྩེ་རྫོང་ཁོངས་ཡག་རྭ་ཤང་མངའ་ཁོངས་ཀྱི་རྩྭ་ཐང་དུ་མཆོང་རྒྱུག་བྱེད་བཞིན་པའི་ཚུལ་རེད།
“མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་ལེགས་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་བྱས་རྗེས་བཞག་པ་ཡིན”ཞེས་པ་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་སླར་གསོ་ལ་སྐུལ་འདེད་དང་། མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་པ། འཕེལ་རྒྱས་གསར་བའི་ཆགས་སྟངས་སྐྲུན་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་མཐོ་ས་གསར་དུ་སྐྲུན་ཏེ་མཛེས་སྡུག་བོད་ལྗོངས་འཛུགས་སྐྲུན་ལ་སྤྱིའི་ཆ་ནས་སྐུལ་འདེད་གཏོང་དགོས། །
འཕྲིན་སྟེགས། weikangba