ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུར་རང་ཞིང་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་བ།

2022-10-19
366

5d1b8c5f-41ca-4238-831f-0c3ef5dc2da1.jpg

འདི་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་མགོ་ཁུལ་གྱི་སྐྱེ་ཁམས་དོ་དམ་པས་ཁ་པར་བརྒྱུད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐད་གཏོང་ལ་ལྟ་བཞིན་པའི་ཚུལ་རེད།

b8b7638d-5cae-47aa-81ed-833276b00ab7.jpg

པར་འདི་ནི་ཆི་ལེན་རྫོང་ཨ་རིག་ཤང་ཏ་པན་སྡེ་བའི་སྡེ་དམངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་མགོ་རྩོམ་མཛད་སྒོའི་ཐད་གཏོང་ལ་ལྟ་བཞིན་པའི་ཚུལ་རེད།

2a65c10f-f854-47d5-b677-b9264d09aceb.jpg

པར་འདི་ནི་མཁར་ནུབ་ཁུལ་ཧུའུ་ཐའེ་སྲང་ལམ་སྡེ་ཁུལ་གྱི་སྡོད་དམངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་མགོ་རྩོམ་མཛད་སྒོའི་ཐད་གཏོང་ལ་ལྟ་བཞིན་པའི་ཚུལ་རེད།

d27f1b91-e380-4987-80af-fcd46b25f146.jpg

པར་འདི་ནི་མཁར་ཤར་ཁུལ་ཏུང་ཧྥང་མྱུར་སྐྱེལ་ཏང་ཀྲི་པུའུ་ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་མགོ་རྩོམ་མཛད་སྒོའི་ཐད་གཏོང་ལ་ལྟ་བཞིན་པའི་ཚུལ་རེད།

5227aaa2-7922-41e5-bc7e-2003e12d4e4d.jpg

འདི་ནི་ཐུན་རིན་གྲོང་ཁྱེར་ཧོར་ནག་ཤང་རུ་ཞོལ་མ་སྡེ་བའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་སྣོན་ཆེད་ལས་མཉམ་ལས་ཁང་གིས་ཁ་པར་བརྒྱུད་དེ་ཚོགས་ཆེན་ཉི་ཤུ་པའི་མགོ་རྩོམ་མཛད་སྒོའི་ཐད་གཏོང་ལ་ལྟ་བཞིན་པའི་ཚུལ་རེད།

88eb63a8-c4d7-44ae-b575-8e03ab4128d0.jpg

འདི་ནི་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་གི་སྨན་བཅོས་མི་སྣས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་མགོ་རྩོམ་མཛད་སྒོའི་ཐད་གཏོང་ལ་ལྟ་བཞིན་པའི་ཚུལ་རེད།

5ed37635-f970-4ebc-9fa2-b758b3d32bab.jpg

འདི་ནི་མཚོ་སྔོན་ཚྭ་མཚོའི་ཟོག་འདྲེན་ཀུང་སིའི་ལས་བཟོ་བ་རྣམས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་མགོ་རྩོམ་མཛད་སྒོའི་ཐད་གཏོང་ལ་ལྟ་བཞིན་པའི་ཚུལ་རེད།

2022ལོའི་ཟླ10པའི་ཚེས16ཉིན་གྱི་སྔ་དྲོའི་ཆུ་ཚོད10ཡི་སྟེང་། པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་སྒྲོན་འོད་ཆེམ་ཆེམ་དང་ཐལ་མོ་རྡེབ་སྒྲས་ཁེངས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་བགྲོད་ལམ་གསར་བའི་སྟེང་མདུན་སྐྱོད་བྱེད་པ་དང་། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་སྟེང་དཔུང་སྐྱོད་བྱེད་པའི་གནད་འགག་གི་དུས་སུ། འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་བཞིན་པའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་གཟབ་རྒྱས་ངང་འཚོགས་མགོ་བརྩམས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་སྙན་ཞུ་ཕུལ།

མཚོ་སྔོན་གྱི་མཐོ་སྒང་དུ། བཟོ་གཏེར་ཁེ་ལས་ནས་ཞིང་སྡེ་འབྲོག་ཁུལ་དང་། གྲོང་རྡལ་སྡེ་ཁུལ་ནས་ཞིང་ཁ་དང་མུ་ཁར། རང་ཞིང་གི་ས་གནས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྣམ་པ་སྣ་མང་བརྒྱུད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་ཚོགས་མགོ་རྩོམ་པའི་མཛད་སྒོའི་གནས་ཚུལ་ལ་ཧུར་ཐག་གིས་བལྟས། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུལ་བའི་སྙན་ཞུ་དེ་མི་སེམས་ལ་སྐུལ་མ་གཏོང་བ་དང་། དཔང་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་སློང་བྱས་ཡོད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེ་བའི་བསྐྱར་དར་ལ་སྐུལ་འདེད་གཏོང་བར་མཐུན་སྒྲིལ་དང་འབད་འབུངས་བྱེད་པའི་འབོད་སྐུལ་གཏོང་མགོ་བརྩམས། མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་། ང་ཚོས་སྟོབས་ཤུགས་ཡོད་རྒུས་སྔར་ལས་གསར་བ་དང་སྔར་ལས་ཆེ་བའི་རྒྱལ་ཁ་གསར་གཏོད་བྱེད་དགོས་པའི་བསམ་པ་བསྟན།  །


  • 顶 0