ལི་ཀྲན་ཧྲུའུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སི་ཁྲོན་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས།

2022-10-18
247

栗战书参加党的二十大四川省代表团讨论
张庆黎王晓晖黄强参加讨论「相关图片」

   ཚེས་བཅུ་བདུན་ཉིན་ལ་བློ་མཐུན་ལི་ཀྲན་ཧྲུའུ་ཁོང་ཡོད་སའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སི་ཁྲོན་འཐུས་མི་ཚོགས་པའི་གྲོས་མོལ་ནང་དུ་ཞུགས་ནས། འཐུས་མི་ཚོ་དང་མཉམ་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་གྲོས་མོལ་གནང་། ལི་ཀྲན་ཧྲུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་ཞུ་ལ་ཡོངས་སུ་འཐད་པ་ཡོད་ཅེས་གསུངས་པ་རེད།

  ལི་ཀྲན་ཧྲུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་ཞུའི་བརྗོད་དོན་གསལ་ཞིང་བརྗིད་ཉམས་རབ་ཏུ་ལྡན། མདུན་སྐྱོད་ཀྱི་སྐུལ་མ་ཐེབས་པས། དེ་ནི་མར་ཁེ་སི་རིང་ལུགས་བདེན་དོན་གྱི་འོད་ཟེར་འཕྲོས་པའི་རྩ་གནད་ཅན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྱོང་དང་། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གཏོང་བར་མཐུན་སྒྲིལ་འབད་བརྩོན་བྱེད་པའི་སྐུལ་སློང་བཀའ་རྒྱ་ཡིན་ཞེས་གསུངས།

ལི་ཀྲན་ཧྲུའུ་ཡིས་འདས་པའི་ལོ་ལྔའི་ནང་གི་ལས་དོན་དང་། དུས་རབས་གསར་པའི་ལོ་བཅུའི་ནང་གི་རླབས་ཆེན་འཕོ་འགྱུར་ལ་འཛམ་གླིང་ཀུན་གྱིས་དོ་སྣང་བྱེད་པ་དང་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་ཡོད། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཛུགས་སྐྱོང་གི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན། གྲུབ་འབྲས་དེ་དག་ཐོབ་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་དངོས་པོའི་རྨང་གཞི་བརྟན་པོ་བཏིང་ཡོད་ལ། སྔར་ལས་འཐུས་སྒོ་ཚང་བའི་ལམ་ལུགས་འགན་སྲུང་བྱས་ཡོད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གཏོང་རྒྱུ་དེ་ཟློག་ཐབས་མེད་པའི་ལོ་རྒྱུས་འཕེལ་རིམ་ནང་སྐྱོད་ཡོད།

  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་དོན་སྙིང་ལྡན་པའི་གྲུབ་འབྲས་ཐོབ། ལོ་རྒྱུས་དོན་སྙིང་ལྡན་པའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། མཚོན་བྱེད་ཅན་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་ཡོད། རྩ་བའི་ཆ་ནས་བཤད་ན། དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་གོ་གནས་དང་། ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་གཏན་ཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་སྟོན་གོ་གནས་གཏན་ཁེལ་བྱས་པ་དང་རག་ལས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་དམག་ཡོངས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། བློ་སེམས་ཟློག་མེད་སྒོས་ལོ་རྒྱུས་ཀྱི་ཁྱད་ཆོས་ལྡན་པའི་རླབས་ཆེན་འཐབ་རྩོད་གསར་པ་མང་པོ་བྱས་ཡོད། རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པའི་རྒྱང་སྐྱོད་གསར་པའི་ཐོག་སྐྱོད་པར་སྐུལ་འདེད་བཏང་ཡོད་ལ། རླབས་ཆེན་འཐབ་རྩོད་དང་སྤྱི་ཚོགས་བསྒྱུར་བཅོས་གལ་ཆེན་བྱེད་པའི་གནད་འགག་ཆེ་བའི་དུས་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་ཕྱོགས་སྟོན་པའི་ནུས་པ་གལ་ཆེན་བཏོན་དང་འདོན་བཞིན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་མི་དམངས་མང་ཚོགས་ཀྱིས་ཁས་ལེན་ཞིང་་ཁོང་དུ་ཆུད་པ། བེད་སྤྱོད་གཏོང་བཞིན་ཡོད་པས། ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་མཛུབ་སྟོན་གནང་བཞིན་ཡོད་ཅེས་གསུངས་པ་རེད།

  ལི་ཀྲན་ཧྲུའུ་ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་དགོས་ལ། གཏན་ཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་དང་། ཡིད་ཆེས་བཞི་ཇེ་བརྟན། སྲུང་སྐྱོང་གཉིས་ཡག་པོ་བཅས་བྱས་ཏེ།  དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་མཚར་ལྡན་པའི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་གསུང་གནང་ཡོད།



  • 顶 0