ཞི་ཅིན་ཕིང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཀོང་ཞིའི་འཐུས་མི་ཚོགས་པའི་གྲོས་མོལ་ནང་ཞུགས།

2022-10-18
452

  ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར། བློ་མཐུན་ཞི་ཅིན་ཕིང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཀོང་ཞི་འཐུས་མི་ཚོགས་པའི་གྲོས་མོལ་ནང་དུ་ཞུགས་སྐབས། ཏང་གི་ཚོགས་ཆེན་ཉི་ཤུ་པས་མུ་མཐུད་དུ་ཏང་དང་རྒྱལ་ཁབ་བྱ་གཞག་གི་མདུན་སྐྱོད་ལ་ཁ་ཕྱོགས་གསལ་པོ་བསྟན་ཡོད། དེ་ནི་ང་ཚོའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་ལག་ལེན་དོན་འཁྱོལ་བྱེད་དགོས་ན་འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་དང་དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེའི་དོན་སྙིང་གལ་ཆེན་ཁོང་དུ་ནན་པོར་ཆུད་དགོས་པ་དང་།  དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ནན་པོར་ཆུད་དགོས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་སྐུལ་འདེད་གཏོང་བའི་ལས་འགན་ཁོང་དུ་ནན་པོར་ཆུད་དགོས་ལ། རླབས་ཆེན་རང་ངོས་གསར་བརྗེ་ཡིས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་པའི་བླང་བྱ་གལ་ཆེན་ཁོང་དུ་ཆུད་པར་བྱེད་དགོས། མཐུན་སྒྲིལ་འབད་འབུངས་ཀྱི་དུས་རབས་ཀྱི་བླང་བྱ་ཁོང་དུ་ནན་ཆུད་བྱེད་དགོས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་དར་ཆའི་འོག་སྲ་ཞིང་མཁྲེགས་པའི་ངར་ལྕགས་བཞིན་མཐུན་བསྒྲིལ་བྱས་ཏེ། བློ་ཁ་གཅིག་ཏུ་སྒྲིལ་པ་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་གྲུ་བོ་ཆེས་དཀའ་ཚེགས་ཆེད་དུ་བསད་དེ་རྒྱང་སྐྱོད་བྱེད་པར་སྐུལ་འདེད་གཏོད་དགོས་ཞེས་ནན་གསུང་གནང་། 

  ཀོང་ཞི་འཐུས་མི་ཚོགས་པའི་ལིའུ་ཉིང་དང་། ལན་ཐེན་ལི། ཀྲོའུ་ཅཱ་པིང་། ཀྲུའུ་ཞུའེ་ལན། ཀྲེང་ཀྲི་མིང་སོགས་འཐུས་མི་ལྔས་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྙན་ཞུར་བསམ་འཆར་བཏོན་པ་དང་། སོ་སོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀོང་ཞིའི་ལེའུ་གསར་པ་རྩོམ་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། ཀུའེ་ལིན་གྱི་རི་ཆུ་སྲུང་སྐྱོང་ལེགས་པོར་བྱེད་པ། ཁྱད་ལྡན་ཞིང་ལས་ཐོན་ལས་འཕེལ་རྒྱས་གཏོང་བ། རང་བདག་གསར་གཏོད་ཟབ་སྤེལ་གཏོང་བ་སོགས་ལ་དམིགས་ནས་གཏམ་བཤད་བྱས་པ་རེད། ཚང་མས།ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་དེ་མི་རིགས་བསྐྱར་དར་དང་ལོ་བརྒྱའི་འགྱུར་ལྡོག་གི་མཐོ་ས་ནས། ཚན་རིག་དང་མཐུན་པའི་སྒོས་མ་འོངས་པའི་ལོ་ལྔ་དང་མཐའ་ན་དེ་ལས་ཡུན་རིང་བའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དམིགས་འབེན་དང་ལས་འགན། སྲིད་དོན་གལ་ཆེན་བཅས་ལ་ཚན་རིག་དང་མཐུན་པའི་སྒོས་ཇུས་འགོད་བྱེད་དགོས་པ་དང་། བསམ་བློ་གསར་པ་དང་འཐབ་ཇུས་གསར་པ། བྱེད་ཐབས་གསར་པ་བཅས་རབ་དང་རིམ་པ་བཏོན་པ་ནི། ང་ཚོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་དང་། ལོ་བརྒྱ་ཐམ་པ་གཉིས་པའི་འབད་བརྩོན་དམིགས་འབེན་ལ་ཧུར་བརྩོན་བྱེད་པར་མཛུབ་སྟོན་བྱེད་པའི་རྩ་གནད་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པས། ཚང་མས་སྙན་ཞུ་འདིར་བརྩི་སྲུང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

  ཞི་ཅིན་ཕིང་གིས་འཐུས་མི་རྣམས་དང་གྲོས་བསྡུར་ཟབ་མོ་གནང་ཞིང་། ཡུལ་དངོས་སུ་སྤྲོ་བས་ཁེངས། འཐུས་མི་ཚོའི་གཏམ་བཤད་ལ་ནན་མོས་གསན་རྗེས། ཞི་ཅིན་ཕིང་གིས་ཀོང་ཞི་འཐུས་མི་ཚོགས་པའི་འཐུས་མིའི་ཆ་ནས་གྲོས་བསྡུར་ནང་ཞུགས་པར་ཤིན་ཏུ་དགའ་བོ་བྱུང་བ་དང་འབྲེལ།འདིར་ཞུགས་ཀྱི་འཐུས་མི་ཡོངས་དང་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་ཏང་ཡོན་ས་ཡ་གཉིས་འབུམ་ལྔ་ལྷག་དང་། མི་རིགས་སོ་སོའི་ལས་བྱེད་མང་ཚོགས་བྱེ་བ་ལྔ་ས་ཡ་བདུན་ལྷག་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་གནང་བ་རེད།

  ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གནས་ལྔ་ཕུང་གཅིག་གི་སྤྱི་ཡོངས་ནས་གཅིག་གྱུར་འཆར་འགོད་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་སྤེལ་བྱེད་པ། ལོ་བརྒྱའི་འགྱུར་ལྡོག་ཆེན་པོ་དང་དུས་རབས་ཀྱི་རིམས་ནད་བཅས་ཀྱི་དཀའ་ངལ་འདྲེས་མའི་འོག  ཕྱོགས་ཡོངས་ནས་དབུལ་བྲལ་འགག་སྒྲོལ་ལས་རྒྱལ་བ་དང་། རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་བྱེད་པ། ཕྱོགས་བསྡུས་སྟོབས་ཤུགས་སྔ་བས་གྲུབ་འབྲས་གསར་པ་ཐོབ་པ། བཅོས་བསྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་ཟབ་སྤེལ་གཏོང་བ། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ཟམ་མ་ཆད་པ།  མི་དམངས་ཀྱི་འཚོ་བ་ཇེ་བཟང་དུ་ཕྱིན་པ ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ཉིན་བཞིན་ཇེ་ལེགས་སུ་འགྲོ་བ། ཏང་ནན་གྱིས་སྐྱོང་བ་རྒྱ་ཆེ་གཏིང་ཟབ་གཏོང་བ། མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་བརླིང་། མཐའ་མཚམས་བརྟན་བརླིང་ཡོང་བ་བཅས་བྱས་ནས། ཀོང་ཞིའི་ས་གཞི་ཆེན་མོར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་ལོ་རྒྱུས་འགྱུར་ལྡོག་ཆེན་པོ་བྱུང་ཡོད། གྲུབ་འབྲས་འདི་དག་ལས། ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེ་མེས་རྒྱལ་ལྷོ་ཕྱོགས་མཐའ་མཚམས་སུ་ལག་བསྟར་བྱེད་པའི་རྒྱལ་ཁ་མཚོན་ལ།  རང་རྒྱལ་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འགྱུར་ལྡོག་གི་མཚོན་བྱེད་ཀྱི་བདེན་དཔང་རེད་ཅེས་གསུངས།

ཞི་ཅིན་ཕིང་གིས། འདས་པའི་ལོ་ལྔ་དང་དུས་རབས་གསར་བར་སླེབས་རྗེས་ཀྱི་ལོ་བཅུའི་རིང་། ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་གོ་རིམ་ཁྲོད་སྤྱིར་བཏང་བ་ལས་སླ་མོ་ཞིག་མ་ཡིན་ཏེ། དངོས་སུ་མ་མྱོང་་དཀའ་མི་ཤེས། བལྟས་ན་སླ་ཡང་སྒྲུབ་པ་དཀའ། ལོ་བཅུའི་རིང་། ང་ཚོ་ལ་གྲམ་ཐང་སྐྱོད་པའི་ཉེན་ཁ་དང་། གྱེན་དུ་འཛེག་པའི་དཀའ་ཚེགས། འགག་སྒྲོལ་གཏོར་པའི་དཀའ་སྡུག་མང་ཡང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོད་བརྒལ་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་བྱུང་བ་དང་། མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་ཀྱང་རབ་དང་རིམ་པ་ཐོབ་ཡོད། ལག་ལེན་གྱི་ཐོག་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་ཏང་ཀྲུང་དབྱང་གི་སྲིད་ཇུས་དང་བྱེད་ཕྱོགས་གནད་ཆེན་དང་།ལས་དོན་བཀོད་སྒྲིག་ཡོངས་སུ་ཡང་དག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ནི་ཀྲུང་གོའི་གནས་བབ་དང་མཐུན་ཞིང་། ཀྲུང་གོ་མི་དམངས་ཀྱི་འདུན་པ་མཚོན་ལ། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པས། བགྲོད་ལམཡང་དག་པ་དང་དཀྱེལ་ཡངས་པར་མ་ཟད། གོམ་བརྟན་ཞིང་སྐྱོད་བདེ་མོ་ཡིན་བས། ང་ཚོས་ལོ་རྒྱུས་ཀྱི་ཡིད་ཆེས་བརྟན་པོ་དང་། ལོ་རྒྱུས་རང་འགུལ་ཇེ་དྲག་སྒོ་ནས། བགྲོད་ལམ་གསར་བའི་ཐོག་ལོ་རྒྱུས་དང་མི་དམངས་ལ་ཕུལ་དུ་བྱུང་བའི་གྲུབ་འབྲས་གསར་པ་འབུལ་དགོས་ཞེས་ནན་གསུངས་གནང་།

  ཞི་ཅིན་ཕིང་གིས། ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་དགོས་ན། འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པ་དང་། དེའི་ལངས་ཕྱོགས་དང་ལྟ་ཚུལ། བྱེད་ཐབས་བཅས་དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་གསུངས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་དུ། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་དང་། རང་རྟོན་རང་ཚུགས་་རྒྱུན་འཁྱོངས།  དྲང་སྲུང་གསར་གཏོད་རྒྱུན་འཁྱོངས། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས། གནམ་འོག་ཡོད་པའི་སེམས་རྒྱ་རྒྱུན་འཁྱོངས་བཅས་བྱེད་དགོས། དོན་ཚན་དྲུག་པོ་དེ་སློབ་སྦྱོང་དང་དོན་འཁྱོལ་ཁྲོད་གོ་བ་ནན་མོ་བླངས་པར་བརྟེན། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་གནས་ལུགས་རིག་པའི་ལུགས་བཅས་ལ་གོ་རྟོགས་ཟབ་མོ་ལོན་པ་དང་། དེའི་ཚིག་ལ་གོ་དགོས་པར་མ་ཟད་ནང་དོན་མཐིལ་ཕྱིན་རྟོགས་དགོས། དེ་འདྲ་ཡིན་པ་ཤེས་པ་མ་ཟད་དེ་འདྲ་ཡིན་པའི་རྒྱུ་མཚན་ཡང་ཁོང་དུ་ནན་པོར་ཆུད་པ་བྱས་ནས།  ཏང་གི་གསར་གཏོད་གཞུང་ལུགས་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོ་ལ་ལག་བསྟར་དོན་འཁྱོལ་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད།

ཞི་ཅིན་ཕིང་གིས་དུས་རབས་གསར་པར་སླེབས་རྗེས། ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ངོས་འཛིན་རྒྱུན་ཆད་མེད་པར་ཇེ་ཟབ་དང་འཐབ་ཇུས་སྔར་ལས་འཐུས་ཚང་། ལག་ལེན་སྔར་ལས་ཕུན་སུམ་ཚོགས་པ་བྱས་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་རྒྱལ་ཁའི་ངང་འཛུགས་པ་དང་རྒྱ་སྐྱེད་བཏང་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ་རྒྱས་བཤད་བྱས་ཡོད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་དེ་ཀྲུང་གོའི་ས་གཞི་རུ་རྐང་ཚུགས་པ་ནི་ཀྲུང་གོའི་དོན་དངོས་དང་འཚམ་པ་རེད། ང་ཚོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་བར་རང་ཉིད་ཀྱི་སྟོབས་ཤུགས་གང་ཡོད་འདོན་པ་དང་། ཀྲུང་གོ་འཕེལ་རྒྱས་གཏོང་བའི་གོམ་སྟབས་དེ་ང་ཚོ་ལ་རག་ལས་ཡོད་པས། ཡིད་ཆེས་ཇེ་བརྟན་དང་དྲང་སྲུང་གསར་གཏོད་བྱས་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་ལེའུ་གསར་པ་རྩོམ་ཞེས་ནན་གསུང་གནང་།

  ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། ཏང་ཀྲུང་དབྱང་གིས་ལོ་བཅུའི་རིང་ལ་གྲི་གཅིག་བརྡར་ཞེས་པའི་སྙིང་སྟོབས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དང་། མི་སྟོང་ཕྲག་མང་པོའི་སེམས་ལ་ཕོག་སོང་རུང་། མི་དུང་ཕྱུར་བཅུ་བཞིའི་རེ་བ་སྟོང་ཟད་མི་གཏོང་བའི་འགན་འཁྲི་ཕྲག་ཏུ་བླངས་ནས་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་རུལ་སུངས་ལ་བརྒོལ་ནས། རང་ངོས་གསར་བརྗེའི་ཕྱོགས་བསྡུས་བྱེད་ཐབས་བཏོད་ཡོད། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་ནམ་ཡང་རྫོགས་རྒྱུ་མེད་པ་དང་།ཏང་གི་རང་ངོས་གསར་བརྗེ་ནམ་ཡང་རྫོགས་རྒྱུ་མེད་ལ། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་རང་ངོས་ནས་གསར་བརྗེ་བྱས་ཏེ། ཏང་གི་ངོ་བོ་ནམ་ཡང་མི་འགྱུར་བ། རྣམ་པ་ནམ་ཡང་མི་འགྱུར་བ། སྲོལ་བཟང་ནམ་ཡང་མི་འགྱུར་བ་བཅས་འགན་སྲུང་བྱས་ཏེ། ཏང་ནམ་ཡང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་འགོ་ཁྲིད་གཙོ་བོར་འགྱུར་དགོས་ཞེས་གསུངས།

  ཞི་ཅིན་ཕིང་གིས་མཐུན་སྒྲིལ་བྱས་ན་ད་གཟོད་རྒྱལ་ཁ་ཐོབ། འབད་བརྩོན་བྱས་ན་ད་གཟོད་དོན་རྣམས་འགྲུབ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ཆད། ང་ཚོ་ཏང་གིས་མི་དམངས་ལ་བརྟེན་ནས། དཔལ་འབྱོར་བརྟན་བརླིང་དང་འཕེལ་རྒྱས་ལ་སྐུལ་འདེད། དབུལ་ཕོངས་སེལ་བ། འབྱོར་འབྲིང་འཛུགས་པ། རིམས་ནད་སྔོན་འགོག གནོད་སེལ་རྒུད་སྐྱོབ། འགྱུར་ལྡོག་ལ་ཁ་གཏད་པ། ཉེན་ཁ་སེལ་བ་བཅས་བྱས་ནས། བལྟས་ན་འགག་སྒྲོལ་བྱེད་དཀའ་བའི་དཀའ་གནད་དུ་མ་ཁྱད་བསད་བྱས་ནས། ཀུན་གྱིས་ཡིད་སྨོན་བྱེད་པའི་མི་ཡུལ་གྱི་ངོ་མཚར་བསྐྲུན་ཡོད། མིག་སྔའི་ལས་འགན་གཙོ་བོ་ནི་ཁ་པགས་ཡང་འཆར་བྱས་ནས་ལས་དོན་ཏན་ཏིག་བསྒྲུབས་ཏེ། གོམ་སྟབས་བརྟན་པོའི་སྒོས་ཏང་གི་ཚོགས་ཆེན་ཉི་ཤུ་པས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རྣམས་བྱ་སྤྱོད་དངོས་སུ་བསྒྱུར་བ་དང་མིག་མཐོང་ལག་ཟིན་གྱི་ཕན་འབྲས་ཐོབ་པ་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།

  ཞི་ཅིན་ཕིང་གིས། ཀོང་ཞི་ཡི་རིམ་པོ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་མཐུན་སྒྲིལ་བྱས་ནས་མི་རིགས་སོ་ཁག་གི་ལས་བྱེད་མང་ཚོགས་སྣེ་ཁྲིད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཛུབ་སྟོན་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་ལག་ལེན་ཟབ་སྤེལ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས། མཐའ་མཚམས་མི་རིགས་ས་ཁུལ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་་བྱས་རྗེས་དེ་བས་ཆེན་པོ་འཇོག་པ་དང་། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་ཞུ་དང་ནང་ཞུགས་ཐད་ནས་ཐོད་བརྒལ་ཆེན་པོ་བྱུང་བ་དང་། འབག་མེད་འཕེལ་རྒྱས་གཏོང་བའི་ཐད་ནས་གོང་འཕེལ་ཆེན་པོ་བྱུང་བ། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་ཐད་ལ་བྱས་རྗེས་དེ་བས་ཆེན་པོ་འཇོག་པ། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ཐད་ནས་བྱས་རྗེས་་དེ་བས་ཆེན་པོ་ཐོབ་པ་བཅས་བྱས་ནས། འབད་བརྩོན་ལྷོད་མེད་ཀྱིས་དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་ཀོང་ཞི་འཛུགས་སྐྲུན་གྱི་རྣམ་པ་གསར་པའི་གཏོད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

  • 顶 0