ལོ་ངོ་བཅུའི་རིང་བོད་ལྗོངས་ཀྱི་འབྲུ་རིགས་བརྟན་བརླིང་ངང་ཐོན་ཚད་འཕར་བ།

2022-10-16
385

1.jpg

པར་འདི་ནི་བོད་ལྗོངས་ལྷོ་ཁའི་སྣེ་གདོང་ཆུས་སྨོན་གྲོང་སྒང་གཞིས་ཁུལ་གྱི་དཔྱིད་འདེབས་མཛད་སྒོའི་ཡུལ་དངོས་ཡིན།(2022ལོའི་ཟླ3པའི་ཚེས16ཉིན་བླངས)

2.jpg

པར་འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཤང་འདམ་བཅས་གྲོང་ཚོའི་གྲོང་མི་ཡིས་གྲོ་བསྡུ་བཞིན་པའི་ཚུལ་ཡིན།(2022ལོའི་ཟླ9པའི་ཚེས6ཉིན་བླངས)

3.jpg

པར་འདི་ནི་བོད་ལྗོངས་གཞིས་ཀ་རྩེ་སྣར་ཤང་གི་གྲོང་མི་ཞིག་གིས་ནས་བསྡུ་བཞིན་པའི་ཚུལ་རེད།(2022ལོའི་ཟླ9བའི་ཚེས16ཉིན་བླངས)

4.jpg

པར་འདི་ནི་བོད་ལྗོངས་གཞིས་ཀ་རྩེ་རྒྱལ་རྩེ་རྫོང་ར་སོག་ཤང་ནོར་ཁང་གྲོང་ཚོའི་ཞིང་འཕྲུལ་མཉམ་ལས་ཁང་གི་གྲོང་མིས་གྲོ་མཛོད་དུ་འཇུག་བཞིན་པའི་ཚུལ་རེད།(2022ལོའི་ཟླ9བའི་ཚེས19ཉིན་བླངས)

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུའུ་ཡིས་སྤྱི་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། འདས་ཟིན་པའི་ལོ་ངོ་བཅུའི་རིང་། བོད་ལྗོངས་འབྲུ་རིགས་ཀྱི་ལོའི་ཐོན་ཚད2012ལོའི་ཏུན་ཁྲི94.90ནས2021ལོའི་ཏུན་ཁྲི106.15ལ་སླེབས་པ་དང་། ལོའི་ཐོན་འབོར་བསྟུད་མར་ལོ་བདུན་ལ་ཏུན་ཁྲི100ལས་བརྒལ་ནས་ལོ་རེར་ཆ་སྙོམས་ཀྱིས1.3%འཕར་ཞིང་། ནས་ཀྱི་ཐོན་ཚད2012ལོའི་ཏུན་ཁྲི63.71ནས2021ལོའི་ཏུན་ཁྲི80.12ལ་འཕར་ཞིང་། ལོ་རེར་ཆ་སྙོམས་ཀྱིས2.6%འཕར་ཡོད།

ངོ་སྤྲོད་ལྟར་ན། 2022ལོར་བོད་ལྗོངས་ཀྱི་འབྲུ་རིགས་འདེབས་ཁྱོན་དང་ཐོན་ཚད་ན་ནིང་ལས་མཐོ་བས། འབྲུ་རིགས་ལ་ལོ་ལེགས་བྱུང་ཡོད། །


  • 顶 0