བློ་མཐུན་ཞི་ཅིན་ཕིང་གིས་གྲ་སྒྲིག་གྲོས་ཚོགས་ལ་མགོ་འཛིན་མཛད་པ་དང་། འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མིང་ཐོ་དང་། ཚོགས་ཆེན་གྱིི་ཀྲུའུ་ཞི་ཚོགས་པའི་མིང་ཐོ། ཚོགས་ཆེན་གྱི་གྲོས་རིམ་སོགས་ལ་གྲོས་འཆམ་བྱུང་།
བློ་མཐུན་ཞི་ཅིན་ཕིང་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མིང་ཐོ་དང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་སྙན་ཞུ་དང་ཚོགས་ཆེན་གྱི་གྲོས་རིམ་སོགས་ལ་གྲོས་འཆམ་བྱུང་།

ཟླ10པའི་ཚེས15ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀྲུའུ་ཞི་ཚོགས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གྲོས་ཚོགས་ཐེངས་དང་པོ་འཚོགས། བློ་མཐུན་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།

ཟླ10པའི་ཚེས15ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གྲ་སྒྲིག་གྲོས་ཚོགས་འཚོགས། བློ་མཐུན་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པས་ཚེས15ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོ་རུ་གྲ་སྒྲིག་གྲོས་ཚོགས་འཚོགས།
བློ་མཐུན་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་འཐུས་མི་དང་ཆེད་དམིགས་གདན་ཞུ་འཐུས་མི2379ཞུགས་དགོས།
གྲ་སྒྲིག་གྲོས་ཚོགས་ལ་ཞུགས་པའི་འཐུས་མི་དང་ཆེད་དམིགས་གདན་ཞུ་འཐུས་མི2310ཞུགས་ཡོད།
གྲོས་ཚོགས་ཀྱིས་ལག་པ་བཀྱགས་ནས་གྲོས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ། མི22ཀྱིས་གྲུབ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མིང་ཐོ་དང་། མི243ཀྱིས་གྲུབ་པའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་མིང་ཐོ། ཝང་ཧུའུ་ཉིང་ཚོགས་ཆེན་གྱིི་དྲུང་ཡིག་ཆེན་མོར་བསྐོ་བ་བཅས་ལ་ཆོག་མཆན་གནང་། གྲོས་ཚོགས་ཀྱིས་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡི་ལས་ཁུངས་སྒྲིག་འཛུགས་དང་བྱ་བའི་ལས་འགན་ལ་ཆོག་མཆན་ཐོབ།
གྲོས་ཚོགས་ཀྱིས་ད་རུང་ཚོགས་ཆེན་ཉི་ཤུ་པའི་གྲོས་རིམ་ལ་ཆོག་མཆན་ཐོབ། ཚོགས་ཆེན་གྱི་གྲོས་རིམ་ནི། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་མཉན་པ་དང་ཞིབ་བཤེར་བྱེད་པ་དང། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ཞིབ་བཤེར་བྱེད་པ། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(དག་བཅོས་འཆར་ཟིན)》ལ་གྲོས་ཞིབ་དང་ཆོག་མཆན་གནང་བ། སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་འདེམས་པ། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམས་པ་བཅས་ཡིན། །
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀྲུའུ་ཞི་ཚོགས་པས་ཚེས15ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོ་རུ་གྲོས་ཚོགས་ཐེངས་དང་པོ་འཚོགས།
བློ་མཐུན་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།
གྲོས་ཚོགས་ཀྱིས་ཐོག་མར་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་ཝང་ཧུའུ་ཉིང་གི་མགོ་འཛིན་འོག་གྲོས་རིམ་ལྟར་གྲོས་ཚོགས་འཚོགས། ལག་པ་བཀྱགས་ནས་གྲོས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་ཏིང་ཞུའེ་ཞང་དང་ཁྲེན་ཞི། ཀའོ་ཧྲིན་ཁུན། ཧོང་ཁོང་མིན་བཅས་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པར་བདམས།
གྲོས་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུ་ལ་ཆོག་མཆན་གནང་།
སྙན་ཞུའི་ནང་བཤད་རྒྱུར། རྒྱལ་ཡོངས་ཀྱི་འདེམ་བསྐོ་ལས་ཁུངས་སོ་སོས་འདེམ་བསྐོ་བྱས་པ་མ་ཟད་ཀྲུང་དབྱང་གིས་ཆོག་མཆན་ཐོབ་ནས་སྤྱི་བསྒྲགས་བྱས་པའི་འཐུས་མི2296ཡོད། ཞིབ་བཤེར་བྱས་པ་བརྒྱུད། འཐུས་མི2296གི་ཐོབ་ཐང་ནུས་ལྡན་ཡིན་པ་གཏན་འཁེལ་བྱས། ཚོགས་ཆེན་ལ་འཐུས་མི2296ཞུགས་དགོས།
སྙན་ཞུའི་ནང་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་འདེམ་བསྐོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད། ན་ནིང་གི་ཟླ11པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞིི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་མགོ་ཁྲིད་འོག འདེམ་བསྐོའི་ལས་ཁུངས་སོ་སོས་ཏང་གི་སྒྲིག་ཡིག་དེ་རྩ་བའི་གཞི་འཛིན་སར་རྒྱུན་འཁྱོངས་དང་། ཏང་གི་ངོ་བོའི་དགོངས་དོན་རྒྱུན་འཁྱོངས་བྱས་ནས། ཏང་གི་མགོ་ཁྲིད་དེ་འཐུས་མི་འདེམ་བསྐོའི་ལས་དོན་གྱི་གོ་རིམ་ཧྲིལ་བོར་ཁྱབ་པར་ཤུགས་བསྣན་ཏེ། ཏང་ནང་གི་དམངས་གཙོ་དར་སྤེལ་གང་ལེགས་བྱེད་པ་དང་། ཐོབ་ཐང་ཆ་རྐྱེན་ལ་གཟབ་ནན་དང་བདམས་ཐོན་གྱི་གོ་རིམ་ལ་གཟབ་ནན། འདེམ་བསྐོའི་སྒྲིག་ལམ་ལ་གཟབ་ནན་བཅས་ཀྱིས་འཐུས་མིའི་འདེམ་བསྐོའི་ལས་དོན་ཁག་ལེགས་པོར་བསྒྲུབས་ཡོད།
སྙན་ཞུའི་ནང་བཤད་རྒྱུར། འཐུས་མིའི་བདམས་ཐོན་གྱི་གོ་རིམ་ཁྲོད། འདེམ་བསྐོའི་ལས་ཁུངས་སོ་སོས་འོག་ནས་གོང་བར་དང་གོང་འོག་མཉམ་འབྲེལ། ཡང་བསྐྱར་གྲོས་ཞིབ། རིམ་པ་བཞིན་གསེད་འདེམས་རྒྱུན་འཁྱོངས་བྱས་ནས། གཞི་རིམ་ཏང་རྩ་འཛུགས་དང་ཏང་གི་འཐུས་མི་ཚོགས་འདུའི་འཐུས་མི་དང་རྒྱ་ཆེའི་ཏང་ཡོན་གྱི་བསམ་འཆར་ལ་ལེགས་པོར་མཉན་ཏེ། རྒྱལ་ཡོངས་གཞི་རིམ་ཏང་རྩ་འཛུགས་རྒྱ་ཁྱབ་ངང་ཞུགས་པ་མངོན་འགྱུར་བྱུང་ལ། ཏང་ཡོན་ཞུགས་ཚད99.5%ལ་སླེབས། ཆབ་སྲིད་ཀྱི་ཚད་གཞི་དེ་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་ཀྱིས་ཆབ་སྲིད་ཀྱི་སྤུས་ཚད་བརྟག་བཤེར་གཏིང་ཟབ་ངང་བསྒྲུབས་ནས་མི་འདེམ་བསྐོའི་ཆབ་སྲིད་འགག་སྒོ་ནན་སྲུང་བྱས། རྟོག་ཞིབ་བྱ་ཡུལ་ཚང་མར་ནན་ཏན་གྱིས"དགོས་ངེས་བཞིའི"ཞིབ་བཤེར་བྱས་པ་མ་ཟད་སྲིད་གཙང་བསམ་འཆར་གྱི"མིང་འགོད་ཐེངས་གཉིས"ལག་བསྟར་བྱས། བསམ་འཆར་བསྡུ་ལེན་དང་ཞིབ་བཤེར་གནས་ཚུལ་ལ་གཞིགས་ཏེ། འཐུས་མིར་མི་འཚམ་པའི་མི་སྣར་ལེགས་སྒྲིག་བྱས་ཡོད། འདེམ་བསྐོའི་ལས་ཁུངས་སོ་སོས་ཏང་ཨུ(ཏང་རྩ་འཛུགས)ཚང་འཛོམས་གྲོས་ཚོགས་དང་ཏང་ཨུའི་རྒྱ་བསྐྱེད་གྲོས་ཚོགས་འཚོགས་ཏེ། འདེམ་ཤོག་འཕེན་པའི་ཐབས་ཀྱིས་འཐུས་མིའི་འོས་མི་དང་གྲ་སྒྲིག་འོས་མི་གཏན་འཁེལ་བྱས། བོད་ལྗོངས་དང་ཞིན་ཅང་ལས་གཞན་པའི་ཀྲུང་དབྱང་གིས་གྲངས་མཉམ་འདེམ་བསྐོར་ཆོག་མཆན་གནང་བ་ཕུད། འདེམ་བསྐོའི་ལས་ཁུངས་སོ་སོས་ཏང་གི་འཐུས་མི་ཚོགས་ཆེན་དང་ཏང་གི་འཐུས་མི་གྲོས་ཚོགས་འཚོགས་ནས། གྲངས་ཁྱད་འདེམ་བསྐོ་བརྒྱུད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་བདམས་ལ། གྲངས་ཁྱད་ཀྱི་བསྡུར་ཚད་དེ15ཡན་ལ་སླེབས་པས་ཏང་ཀྲུང་དབྱང་གི་བླང་བྱ་དང་མཐུན་པ་ཡིན། འཐུས་མིའི་འདེམ་བསྐོའི་ལས་དོན་དྲིལ་སྒྲོག་ལ་ཤུགས་བསྣན་ཞིང་། ཀྲུང་དབྱང་གི་གསར་འགྱུར་སྨྱན་བྱད་གཙོ་བོ་བརྒྱུད་དེ་བྱེད་ཐབས་སྣ་མང་སྤྱད་ནས་འཐུས་མིའི་འདེམ་བསྐོའི་ལས་དོན་གནས་ཚུལ་དྲིལ་སྒྲོག་བྱས།
སྙན་ཞུའི་ནང་བཤད་རྒྱུར། ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ནི་སྤྱི་ཡོངས་ནས་ཏང་ཀྲུང་དབྱང་གི་གཏན་འཁེལ་བྱས་པའི་ཆ་རྐྱེན་དང་འཚམ་ལ། བསམ་བློའི་ཆབ་སྲིད་ཀྱི་སྤུས་ཚད་མཐོ་ལ་ཀུན་སྤྱོད་ཡག་པོ་ལྡན་པ་དང་གཞུང་དོན་གྲོས་བསྡུར་གྱི་ནུས་པ་ཆེ་བར་བརྟེན། རང་རང་གི་ལས་གནས་སྟེང་བྱས་རྗེས་མངོན་གསལ་བཞག་ཡོད་པས། གུང་ཁྲན་ཏང་ཡོན་ཁྲོད་ཀྱི་ཕུལ་བྱུང་མི་སྣ་ཡིན། འཐུས་མིའི་གྲུབ་ཚུལ་དང་ཁྱབ་ཚུལ་ཅུང་འོས་འཚམ་ཡིན་ཏེ། གྲུབ་ཚུལ་གྱི་བསྡུར་ཚད་སོ་སོ་ཏང་ཀྲུང་དབྱང་གི་བླང་བྱ་དང་འཚམ་པས་རྒྱ་ཆེའི་འཐུས་ཚབ་རང་བཞིན་ལྡན་པ་ཡིན།
སྙན་ཞུའི་ནང་བཤད་རྒྱུར། ཚོགས་ཆེན་བཅུ་དགུ་པའི་བྱེད་ཐབས་གཞིར་བཟུང་ནས། ཏང་ཀྲུང་དབྱང་གིས་ཆེད་དམིགས་གདན་ཞུ་འཐུས་མི83གཏན་འཁེལ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པ་དང་། ཆེད་དམིགས་གདན་ཞུ་འཐུས་མི་ལ་འཐུས་མི་དང་གཅིག་མཚུངས་ཀྱི་ཁེ་དབང་ཡོད།
གྲོས་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འདེམ་བསྐོའི་བྱེད་ཐབས(འཆར་ཟིན)ལ་གྲོས་འཆམ་བྱུང་བ་དང་། འཐུས་མི་ཚོགས་པ་སོ་སོར་གྲོས་ཞིབ་གནང་བར་སྤྲད།
གྲོས་ཚོགས་ཀྱིས་ད་རུང་ཟུར་ཞུགས་དང་སྐུ་མགྲོན་གྱི་དོན་དག་ལ་ཆོག་མཆན་གནང་། ཀྲུང་དབྱང་གིས་ཏང་ནང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་ཏང་ཕྱིའི་མི་སྣ་ཚོགས་ཆེན་ལ་ཟུར་ཞུགས་གདན་ཞུ་བྱེད་པར་གཏན་འཁེལ་བྱས། ཚོགས་ཆེན་ལ་ཟུར་ཞུགས་བྱེད་མཁན་ལ། ཚོགས་ཆེན་ཉི་ཤུ་པའི་འཐུས་མི་མ་ཡིན་པའི་སྐབས་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཚོགས་ཆེན་ཉི་ཤུ་པའི་འཐུས་མི་དང་ཆེད་དམིགས་གདན་ཞུ་འཐུས་མི་མ་ཡིན་པའི་ཀྲུང་དབྱང་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། གཞན་ཡང་གཞན་པའི་འབྲེལ་ཡོད་བློ་མཐུན་སོགས་བསྡོམས་པས་མི354ཡོད། ཚོགས་ཆེན་གྱི་མགོ་རྩོམ་ཚོགས་འདུ་དང་མཇུག་སྒྲིལ་ཚོགས་འདུར་ཟུར་ཞུགས་གནང་མཁན་གྱི་སྐུ་མགྲོན་ལ། ད་ལྟ་དང་སྔོན་ཆད་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་ཁུར་བའི་ཏང་ཕྱིའི་མི་སྣ་དང་། པེ་ཅིང་དུ་སྡོད་པའི་དམངས་གཙོའི་ཏང་ཁག་སོ་སའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཏང་ཁག་གང་ལའང་མི་གཏོགས་པའི་འཐུས་མི་མི་སྣ། ཆོས་ལུགས་ལས་རིགས་ཀྱི་འཐུས་མི་མི་སྣ། པེ་ཅིང་དུ་སྡོད་པའི་རྒྱལ་ཡོངས་དམངས་ཆེན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུའི་ཁྲོད་ཀྱི་དམངས་གཙོའི་ཏང་ཁག་དང་ཏང་ཁག་གང་ལའང་མི་གཏོགས་པ། མི་རིགས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་སོགས་བསྡོམས་པས་མི154ཡོད།
ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཀྱིས་ད་དུང་ཚོགས་ཆེན་ཉི་ཤུ་པའི་གྲོས་རིམ་ལ་ཆོག་མཆན་གནང་། གྲོས་རིམ་ལྟར་ན། ཚོགས་ཆེན་ཉི་ཤུ་པ་དེ་ཟླ10པའི་ཚེས16ཉིན་གྱི་སྔ་དྲོར་མགོ་རྩོམ་པ་དང་། ཟླ10པའི་ཚེས22ཉིན་གྱི་སྔ་དྲོར་མཇུག་སྒྲིལ་རྒྱུ་རེད། །
འཕྲིན་སྟེགས། weikangba