
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཅུ་བའི་ཚེས་བཅུ་ཉིན་ཧྥན་ཏི་པེ་ལོན་ལ་གློག་འཕྲིན་བཏང་སྟེ། ཁོ་རང་ཡང་བསྐྱར་ཨོ་སི་ཁྲུ་རི་ཡཱ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་དུ་བདམས་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། བདག་གིས་ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡཱའི་འབྲེལ་བར་མཐོང་ཆེན་བྱེད་ཅིང་། ཙུང་ཐུང་ཧྥན་ཏི་པེ་ལོན་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡཱའི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས།
འཕྲིན་སྟེགས། weikangba