
འདི་ནི་ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་ཁྲེན་མོང་གིས་འགྲན་བསྡུར་བྱེད་སྐབས་དགའ་འབོད་བྱེད་ཅིང་། ཁོ་མོས་3 :0གྱི་ཐོག་ནས་རི་པིན་རུ་ཁག་གི་བདམས་ཐོན་པ་མུའུ་ཡོན་མེ་ཡིའུ་ལས་རྣམ་པར་རྒྱལ་བ་རེད།
ཟླ་10ཚེས་8ཉིན་གྱི་དགོང་མོ། 2022ལོའི་འཛམ་གླིང་ཕིང་ཕང་སྤོ་ལོའི་ཚོགས་པའི་ལེགས་སྐྱེས་འགྲན་བསྡུར(མཐའ་བསྡུར)སྐབས་ང་དྲུག་པའི་བུད་མེད་ཚོགས་པའི་རྣམ་གྲངས་ཀྱི་ཨང་དང་པོ་བརྩོན་ལེན་འགྲན་བསྡུར་སི་ཁྲོན་ཁྲེང་ཏུའུ་རུ་མཇུག་འགྲིལ་བ་རེད། ཁྲེན་མོང་དང་། ཝང་མན་ཡུས། སུན་དབྱིན་ཧྲ་བཅས་ལས་གྲུབ་པའི་ཀྲུང་གོའི་རུ་ཁག་3:0གྱི་ཐོག་ནས་རི་པིན་རུ་ཁག་ལས་རྣམ་པར་རྒྱལ་ཏེ་འཛམ་གླིང་ཕིང་ཕང་སྤོ་ལོའི་འགྲན་བསྡུར་གྱི་བུད་མེད་ཚོགས་པའི་ཨང་དང་པོ་བསྟུད་མར་ཐེངས་ལྔ་བླངས་ནས་ལོ་རྒྱུས་ཐོག་ཨང་དང་པོའི་བུམ་པ་ཁའོ་པི་ལུན་ཐེངས་ཉེར་གཉིས་པ་དེ་ཐོབ་པ་རེད།
དེ་ཉིན་ཕྱི་དྲོ་གཉེར་བའི་སྐྱེས་པའི་ཚོགས་པའི་ཕྱེད་བསྡུར་ནང་། ཧྥན་ཀྲེན་ཏུང་དང་། ཝང་ཁྲུའུ་ཆིན། མ་ལུང་བཅས་ལས་གྲུབ་པའི་ཀྲུང་གོའི་རུ་ཁག་3:2གྱི་ཐོག་ནས་རི་པིན་རུ་ཁག་ལས་རྣམ་པར་རྒྱལ་ནས་འགྲན་བསྡུར་བྱེད་འགོ་ཚུགས་ཚུན་བསྟུད་མར་རྒྱལ་ཁ་ཐེངས་བདུན་ཐོབ་པ་དང་འབྲེལ་མཐའ་བསྡུར་ལ་བདེ་བླག་ཚུད་པ་རེད། ཚེས་9ཉིན། ཀྲུང་གོའི་རུ་ཁག་གིས་འཇར་མན་རུ་ཁག་དང་སྐྱེས་པའི་ཚོགས་པའི་ཨང་དང་པོ་བརྩོན་ལེན་བྱ་རྒྱུ་རེད།
འཕྲིན་སྟེགས། weikangba