
ནོར་སྲིད་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་སྤྱི་བསྒྲགས། 2022ལོའི་ཨང་29པ།
ཁེ་ལས་དང་སྒེར་གཉེར་བཟོ་ཚོང་དུད་ཚང་གི་ཁུར་པོ་ཡང་དུ་གཏོང་བ་དང་། དངོས་གཞིའི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་ཆེད། ད་ལྟ་འགྱངས་འཇལ་ཆོག་པའི་ཁེ་ལས་དང་སྒེར་གཉེར་བཟོ་ཚོང་ཁྱིམ་དུད་དང་འབྲེལ་བ་ཡོད་པའི་སྲིད་འཛིན་བྱ་གཞག་རང་བཞིན་གྱི་རིན་དངུལ་ཁ་ཤས་ཐད་ཀྱི་འབྲེལ་ཡོད་དོན་དག་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།
གཅིག 2022ལོའི་ཟླ་10ཚེས་1ཉིན་ནས་2022ལོའི་ཟླ་12ཚེས་31ཉིན་བར། ཁེ་ལས་དང་སྒེར་གཉེར་བཟོ་ཚོང་དུད་ཚང་གིས་འཇལ་དགོས་པའི《ཁེ་ལས་དང་སྒེར་གཉེར་བཟོ་ཚོང་དུད་ཚང་དང་འབྲེལ་ཡོད་སྲིད་འཛིན་བྱ་གཞག་རང་བཞིན་གྱི་རིན་དངུལ་འགྱངས་འཇལ་ཞིབ་ཐོའི》ནང་གསལ་རིན་དངུལ་བསྡུ་རྒྱུའི་རྣམ་གྲངས་དག འཇལ་དགོས་པའི་ཉིན་ནས་བཟུང་དུས་ཚིགས་གཅིག་དུས་འགྱངས་ཀྱིས་འཇལ་ཆོག་པ་དང་དུས་འགྱངས་དངུལ་ཆད་མི་བསྡུ་རྒྱུ།
གཉིས། 《ཁེ་ལས་དང་སྒེར་གཉེར་བཟོ་ཚོང་དུད་ཚང་དང་འབྲེལ་ཡོད་སྲིད་འཛིན་བྱ་གཞག་རང་བཞིན་གྱི་རིན་དངུལ་འགྱངས་འཇལ་ཞིབ་ཐོ》ཡི་ནང་། རྨོ་ཞིང་གསར་སྦོལ་གྱི་རིན་དངུལ་དང་བཙོག་ཆུ་གཙང་སེལ་གྱི་རིན་དངུལ་སོགས་རིན་དངུལ་ཁག་14ཚུད་ཡོད།(ཞིབ་ཕྲའི་རྣམ་གྲངས་ཟུར་བཀོད་ལ་གསལ།)
གསུམ། ས་ཁུལ་ཁག་དང་། འབྲེལ་ཡོད་སྡེ་ཁག་དང་ཚན་པས་སྤྱི་བསྒྲགས་འདིའི་བླང་བྱ་གཞིར་བཟུང་། འགྱངས་འཇལ་སྲིད་ཇུས་དོན་འཁྱོལ་ཏན་ཏིག་བྱས་ཏེ་སྲིད་ཇུས་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུའི་འགན་ལེན་བྱེད་དགོས།
ཆེད་དུ་སྤྱི་བསྒྲགས་འདི་སྤེལ།
ནོར་སྲིད་པུའུ་དང་རྒྱལ་ཁབ་གོང་སྤེལ་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས།
2022ལོའི་ཟླ་9ཚེས་28ཉིན་ཕབ།
འཕྲིན་སྟེགས། weikangba