ཟླ་བ་བཅུ་པའི་ཚེས་བཅུ་གཉིས་ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གསར་འགྱུར་ལྟེ་གནས་སྤྱོད་འགོ་ཚུགས་པ་དང་ཕྱི་ཕྱོགས་སྣེ་ལེན་བྱེད་འགོ་འཛུགས་རྒྱུ་རེད།

ཟླ་བ་བཅུ་པའི་ཚེས་བརྒྱད་ཉིན། ཞིན་ཧྭ་དྲ་བ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་བ་བཅུ་པའི་ཚེས་བཅུ་གཉིས་ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གསར་འགྱུར་ལྟེ་གནས་སྤྱོད་འགོ་ཚུགས་པ་དང་འབྲེལ། ཕྱི་ཕྱོགས་སྣེ་ལེན་བྱེད་འགོ་འཛུགས་རྒྱུ་ཡིན་པ་རེད། གསར་འགྱུར་ལྟེ་གནས་ཀྱི་གསར་འགོད་པའི་ཞབས་ཞུ་ཁུལ་པེ་ཅིན་དུས་རབས་གསར་པའི་རི་ཧང་གསོལ་མགྲོན་ཁང་དུ་བཙུགས་ཡོད་པ་རེད།
གསར་འགྱུར་ལྟེ་གནས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བཅར་འདྲིར་ཕེབས་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ས་ཁོངས་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁོངས། ཐའེ་ཝན་ས་ཁུལ་བཅས་ཀྱི་འཕྲིན་སྦྱོར་གསར་འགོད་པ་དང་ཕྱི་རྒྱལ་འཕྲིན་སྦྱོར་གྱི་གསར་འགོད་པ་ཚོར་བཅར་འདྲིའི་ལག་ཁྱེར་གཉེར་བ་དང་། བཅར་འདྲིའི་རེ་ཞུ་དང་ལེན། ཚོགས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དང་གསར་འགོད་པའི་སྣེ་ལེན་ཚོགས་འདུ་སྒྲིག་འཛུགས་བྱེད་པ་དང་། གསར་འགོད་པ་ཚོགས་ཆེན་གྱི་བཅར་འདྲིའི་བྱེད་སྒོར་ཞུགས་རྒྱུ་བཅས་བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད།
གསར་འགྱུར་ལྟེ་གནས་ཀྱི་དྲ་ཚིགས(http://20th.cpcnews.cn)དང་། འབྲེལ་ཡོད་སྟེགས་བུའི་ཨང་རྟགས་༼འཕྲིན་ཕྲན་སྤྱི་སྟེགས། ཞིན་ལང་པོད་འཕྲིན་ཨང་རྟགས། ཉིན་རེའི་གསར་འགྱུར་ཨང་རྟགས། ༽བཅས་ཟླ་བ་བཅུ་པའི་ཚེས་དགུ་ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཉིས་རྗེས་ནས་སྒོ་འབྱེད་རྒྱུ་ཡིན་ལ། དུས་ལྟར་ཚོགས་ཆེན་གྱི་ཆ་འཕྲིན་ཁྱབ་བསྒྲགས་དང་། དེ་མིན་གསར་འགྱུར་ལྟེ་གནས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དང་གསར་འགོད་པའི་བཅར་འདྲིའི་བྱེད་སྒོའི་སྤྱི་བསྒྲགས་སོགས་འགོད་རྒྱུ་ཡིན་པ་རེད། དྲ་ཚིགས་ཐོག་གསར་འགོད་པའི་ཆེད་ཁུལ་བཙུགས་ནས་ཐོ་འགོད་བྱས་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པར་ཆ་འཕྲིན་གྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།
གསར་འགྱུར་ལྟེ་གནས་ཀྱི་རྒྱལ་ཁོངས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་ཆུང་གི་འབྲེལ་གཏུག་ཨང་གྲངས། 68356200 68356300 སྐྱེལ་པར་ཨང་གྲངས། 68356700 68356800 ཤང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་ཆུང་གི་འབྲེལ་གཏུག་ཨང་གྲངས། 68350700 68350800 སྐྱེལ་པར་ཨང་གྲངས། 68350900、68351900 ཕྱི་རྒྱལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་ཆུང་གི་འབྲེལ་གཏུག་ཨང་གྲངས། 68350100 68350200 སྐྱེལ་པར་ཨང་གྲངས། 68350400 68350500བཅས་ཡིན་པ་རེད།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
གཙོ་སྒྲིག་པ། ཡོན་ཏན།
ལྟ་སྐུལ་པ། འཆི་མེད་དབང་མོ།
འཕྲིན་སྟེགས། weikangba