ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་རང་རྒྱལ་གྱི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་སུ་ཞིན་ཅང་དང་འབྲེལ་བའི་ཆོད་དོན་འཆར་ཟིན་ཁས་མ་བླངས་པའི་སྐོར་ནས་གསར་འགོད་པའི་དྲི་བར་ལན་བཏབ།

2022-10-08
407

  ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་རང་རྒྱལ་གྱི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་སུ་ཞིན་ཅང་དང་འབྲེལ་བའི་ཆོད་དོན་འཆར་ཟིན་ཁས་མ་བླངས་པའི་སྐོར་ནས་གསར་འགོད་པའི་དྲི་བར་ལན་བཏབ། 

   ཟླ་བ་བཅུ་པའི་ཚེས་དྲུག་ཉིན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་སྐབས་ང་གཅིག་པའི་གྲོས་ཚོགས་ཐོག་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཕུལ་བའི་ཞིན་ཅང་དང་འབྲེལ་བའི་ཆོད་དོན་འཆར་ཟིན་ཁས་བླངས་མེད། དེར་བརྟེན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་གསར་འགོད་པའི་དྲི་བར་ལན་རྒྱག་སྐབས། དུས་སྐབས་ཤིག་གི་རིང་ལ། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་འགའ་ཡིས་ཞིན་ཅང་དང་འབྲེལ་བའི་གནད་དོན་ལ་ཁ་གཡར་ནས་དཀྲོག་གཏམ་བཤད་པ་དང་དོན་དག་སློང་བ། འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་ཆབ་སྲིད་ཇུས་ངན་བཟོས་ནས། ཀྲུང་གོའི་རྣམ་པར་དམའ་འབེབས་དང་ཀྲུང་གོའི་འཕེལ་རྒྱས་ལ་བཀག་སྡོམ་བྱས་པ་རེད། 

  ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁ་ཤས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་གཞན་དག་ལ་གནོན་ཤུགས་སྤྲད་ཡོད་ནའང་། ཆོད་དོན་འཆར་ཟིན་འདི་ལ་སྔར་བཞིན་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་མང་པོ་དང་ལྷག་པར་དུ་རྒྱ་ཆེ་བའི་འཕེལ་རྒྱས་འགྲོ་བཞིན་པའི་ཁོངས་ཞུགས་རྒྱལ་ཁབ་ཀྱིས་ངོ་རྒོལ་དྲག་པོ་བྱས་པས། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཇུས་ངན་ཡང་བསྐྱར་ཕམ་པ་རག་ཡོད་ཅེས་བཤད། མགྲིན་ཚབ་པས་ཞིན་ཅང་དང་འབྲེལ་བའི་གནད་དོན་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གཏན་ནས་མིན། དེ་ནི་དྲག་ཤུགས་ལ་ངོ་རྒོལ་དང་ཐལ་དྲགས་ལ་ངོ་རྒོལ།  ཁ་བྲལ་ལ་ངོ་རྒོལ་བྱེད་པའི་གནད་དོན་རེད། དོན་དངོས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆབ་སྲིད་ཅན་དུ་བསྒྱུར་བ་དང་ཚད་གཞི་གཉིས་འཛིན་བྱེད་པར་མི་རྣམས་ཀྱི་བློ་ལ་བབས་མི་སྲིད་པ་དང་། ཞིན་ཅང་དང་འབྲེལ་བའི་གནད་དོན་ལ་བརྟེན་ནས་ཀྲུང་གོར་བཀག་སྡོམ་བྱེད་པའི་ཇུས་ངན་འགྲུབ་མི་ཐུབ་ཤག་ཤག་རེད་ཅེས་བཤད།


  • 顶 0