འབྲི་གཡག་ནི་མཚོ་བོད་ས་མཐོའི་སྣོད་བཅུད་མ་ལག་དང་འབྲོག་ལས་འཕེལ་རྒྱས་ཀྱི་སྲོག་ཆགས་གལ་ཆེན་ཞིག་ཡིན་ཞིང་། དེ་ནི་གྲང་ངར་ལ་བཟོད་ཐུབ་ཅིང་དབྱང་རླུང་མི་འདང་བར་རྒོལ་ནུས་པའི་ཐད་སྐད་གྲགས་ཆོད་ཡོད། དཔྱད་གཞིའི་གཞི་རྒྱུའི་གྲུབ་ཆ་འཐུས་ཚང་མེད་པ་སོགས་ཀྱི་ཚོད་འཛིན་ཐེབས་པའི་དབང་གིས། མིག་སྔར་འབྲི་གཡག་གི་མཐུན་འཕྲོད་རང་བཞིན་གྱི་འབྲེལ་ཡོད་ཆ་རྡུལ་རྒྱུད་འཛིན་ལམ་སྲོལ་ཕྱོགས་ཀྱི་ཞིབ་འཇུག་དལ་མོར་གནས་ཡོད།
ཞིབ་འཇུག་མི་སྣས་ཤེས་པར། འབྲི་གཡག་དང་བ་གླང་གི་གློ་བའི་ནང་གི་ལྤགས་པའི་ཕྲ་ཕུང་ཚོགས་པར་གྲུབ་ཚུལ་འགྱུར་བའི་གཞི་རྒྱུ་མང་པོ་ལྡན་པ་དང་། འབྲི་གཡག་དང་སྤྱིར་བཏང་གི་ནོར་གྱི་གཞི་རྒྱུའི་ཚོགས་པ་ཞིབ་བསྡུར་བྱས་པ་བརྒྱུད། ཞིབ་འཇུག་མི་སྣས་དེ་གཉིས་བར་ཁྱད་པར་ཡོད་པའི་གཞི་རྒྱུའི་དུམ་ཚན་ཤེས་རྟོགས་བྱུང་ཡོད། ཁྱད་པར་དེ་དག་གིས་རྒྱུད་རྒྱུ་ལ་འགྱུར་ལྡོག་བསྐྱེད་པ་ཡིན་ལ། དེས་སྲོག་ཆགས་ཁོར་ཡུག་ལ་སྔར་ལས་ལྷག་པར་གོམས་པར་ནུས་པ་ཐོན་ཐུབ་ཀྱི་ཡོད་པ་རེད།
འབྲི་གཡག་གི་གློ་བའི་ཕྲ་ཕུང་རྐྱང་པའི་ནང་གི་རྒྱུད་རྒྱུ་མཚོན་པའི་ཆུ་ཚད་ལ་ཞིབ་འཇུག་བྱེད་སྐབས། ཞིབ་འཇུག་མི་སྣས་གློ་བུར་དུ་ཁྲག་རྩའི་ནང་སྐྱིའི་ཕྲ་ཕུང་གི་རིགས་ཚོགས་གསར་རྐྱང་ཞིག་རྙེད་ཅིང་། འབྲི་གཡག་གི་གློ་བར་ཁྱབ་པའི་ཕྲ་ཕུང་དེ་རིགས་ཀྱིས་ཕལ་ཆེར་འབྲི་གཡག་གི་ཁྲག་རྩ་མཉེན་གཤིས་ལྡན་པར་བསྒྱུར་གྱི་ཡོད་ལ། དེ་དང་མཉམ་དུ་འབྲི་གཡག་གི་གློ་བའི་ཕུང་གྲུབ་ནང་དུ་ལྡེམ་ཤུགས་ཅན་གྱི་ཚི་སྣ་ཅུང་མང་པོ་ཡོད་པས། གློ་བའི་སྐུམ་འཐེན་གྱི་ནུས་པ་ཇེ་ཆེར་གཏོང་ཐུབ་པ་དང་། དེ་དག་ནི་འབྲི་གཡག་གྲང་ངར་དང་དབྱང་རླུང་ཉུང་བའི་ཁོར་ཡུག་ལ་འཕྲོད་པར་ཕན་གྱི་ཡོད།
དཔྱད་རྩོམ་དེའི་རྩོམ་པ་པོ་འགའི་གྲས་ཀྱི་གཅིག་སྟེ། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དབྱང་ཆི་ཨེན་གྱིས་ཞིབ་འཇུག་དེས་མ་ལག་ལྡན་པའི་སྒོ་ནས་འབྲི་གཡག་རྒྱུད་འཛིན་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱ་རྒྱུར་གྲངས་གཞིའི་འདེགས་སྐྱོར་བྱས་པ་དང་། དུས་མཚུངས་སུ་སྲོག་ཆགས་ས་བབ་མཐོ་སར་གོམས་པ་དང་། དབྱང་རླུང་མི་འདང་བ་ལས་བྱུང་བའི་མིའི་འབྲེལ་ཡོད་ནད་གཞིར་ཞིབ་འཇུག་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་ཡོད་པ་རེད།
འཕྲིན་སྟེགས། weikangba