ཚོགས་ཆེན་ཉི་ཤུ་བ་སྤྲོ་བས་བསུ། མཚོ་སྔོན་གྱིས་སྐྱེ་ཁམས་དམིགས་བསལ་དུ་བཟུང་ནས་ལྗང་མདོག་འཕེལ་རྒྱས་ལ་སྣེ་ཁྲིད་བྱས།

2022-10-03
1180

1.jpg

པར་འདི་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ནང་ཁུལ་དུ་པར་བླངས་བའི་རྣམ་སྲས་གྲོག་རོང་ཆེན་མོ་རེད།

མཚོ་སྔོན་གྱི་གཙང་གསུམ་འབྱུང་ཡུལ་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་པས“ཀྲུང་ཧྭའི་ཆུ་མཛོད”ཅེས་པའི་མཚན་སྙན་ཡོད། ལོ་མང་པོའི་རིང་ལ་བཅོས་སྐྱོང་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་ཡོད། རྒྱལ་སྟོན་དུས་ཆེན་གྱི་སྔ་ནུབ་ཏུ་གསར་འགོད་པ་རྣམ་སྲས་གྲོག་རོང་ཆེན་མོར་སོང་ནས་དེ་གའི་འགྱུར་ལྡོག་ལ་རོལ་མྱོང་བྱས།

གསར་འགོད་པ་ཀྱག་ཀྱོག་གི་རི་ལམ་བརྒྱུད་ནས་ཐེངས་འདིའི་དམིགས་ཡུལ་གནས་ཏེ་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཤང་སྤྲོ་སེམས་སྡེ་བའི་སྡེ་མི་བསམ་འགྲུབ་ཀྱི་ཁྱིམ་དུ་བསྐྱོད་པ་ཡིན། བསམ་འགྲུབ་ད་ལོར་ལོ28ཡིན་པ་དང་ཆུང་དུས་ནས་རྣམ་སྲས་གྲོག་རོང་ཆེན་མོ་རུ་འཚར་ལོངས་བྱུང་ཞིང་། ཁྱིམ་དུ་འབྲི་གཡག་མགོ་གྲངས67གསོས་ཡོད་པས་འབྲོག་པ་རྣལ་མ་ཞིག་ཡིན།

གསར་འགོད་པ་བསམ་འགྲུབ་དང་མཉམ་དུ་མཚོ་ངོས་ལས་མཐོ་ཚད་སྨི4000ལྷག་ཡོད་པའི་རི་ཁུལ་དུ་ཕྱུགས་འཚོ་བར་སོང་། ཅང་མ་འགོར་བར། མི་ཚང་མ་དབུགས་ཧལ་ཧལ་དུ་འཚངས་མོད། འོན་ཀྱང་ལམ་ཧྲིལ་བོར་མཛེས་ལྗོངས་ལྟ་བས་མི་ངོམ་པ་ཞིག་ཡོད་པས། མིང་མི་ཤེས་པའི་སྲོག་ཆགས་མང་པོ་མིག་ལམ་དུ་ཡང་ཡང་འཆར་བ་དང་། མི་ཚང་མར་སྤྲོ་སྣང་ཆེན་པོས་ཁེངས།

2.jpg

པར་འདི་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ནང་ཁུལ་དུ་པར་བླངས་བའི་རྣམ་སྲས་གྲོག་རོང་ཆེན་མོ་རེད།

“ལྟོས་དང་། དེ་ནི་གླ་བ་ཞིག་རེད”། “ཆུ་འགྲམ་དུ་མཆུ་ཏོ་ཧ་ཅང་རིང་བ་ཞིག་ཡོད་པ་དེ་ནི་བྱ་ཁྲའི་མཆུ་ཅན་རེད”ཅེས་ལམ་བར་དུ་བསམ་འགྲུབ་ཀྱིས་རྒྱང་ཤེལ་ཞིག་བཟུང་ནས་མཐོང་མྱོང་བའི་རི་སྐྱེས་སྲོག་ཆགས་གྲངས་ལས་འདས་པ་ཞིག་གི་གྲངས་ཀ་བརྩི་བཞིན་ཡོད། “ལོ་འདི་དག་གི་རིང་རྩྭ་ས་སྔོ་ལྗང་དུ་གྱུར་བ་དང་ཆུ་དྭངས་གཙང་དུ་གྱུར་ལ། སྔོད་ཆད་མཐོང་མི་ཐུབ་པའི་གསའ་རྒྱུན་དུ་མཐོང་རྒྱུ་ཡོད།” འགྱུར་ལྡོག་སྐོར་གླེང་སྐབས་བསམ་འགྲུབ་ཀྱི་སྐད་ཆ་ཇེ་མང་ནས་ཇེ་མང་རེད།

རི་བོ་གཉིས་བརྒལ་རྗེས་མུ་མཐའ་མེད་པའི་རྩྭ་ར་མཐོང་བ་དང་། འབྲི་གཡག་རྩྭ་ཐང་སྟེང་རྩེད་འཇོ་རོལ་བཞིན་ཡོད། “འདི་ནས་ལོ་ཉི་ཤུ་ལྷག་ལ་འཚོ་བ་བསྐྱལ་བས་རྩྭ་སྐྱེས་པ་ཇེ་ཡག་ཏུ་འགྲོ་བཞིན་ཡོད།” རྩྭ་ཞིག་བྱིལ་བྱིལ་བྱས་རྗེས་བསམ་འགྲུབ་ལ་མྱོང་ཚོར་ཟབ་མོ་བྱུང་།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ལས་དོན་མི་སྣས་དེ་སྔ་གསར་འགོད་པར་ངོ་སྤྲོད་བྱས་དོན། དུས་རབས་གོང་མའི་ལོ་རབས80པའི་དུས་མཇུག་ནས་དུས་རབས་འདིའི་དུས་འགོའི་བར་གཙང་གསུམ་འབྱུང་ཡུལ་གྱི་འདམ་རའི་མཚེའུ་ཇེ་ཉུང་དུ་ཕྱིན་པ་དང་། རྩྭ་ཐང་གི་སྔོ་ཁེབས་ཞན་འགྱུར་བྱུང་ནས། ཆུ་ཁུངས་གསོ་ནུས་ཉམས་པ་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་འཇིགས་སྐུལ་ཕོག་པ་བཅས་ལས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོག་རྐྱེན་བཟོས།

བསམ་འགྲུབ་ཀྱི་དྲན་ཤེས་ཁྲོད་ཆུང་དུས་རྩྭ་རའི་ཨ་བྲའི་གནོད་འཚེ་གང་སར་ཐོན་ནས་ཚབས་ཆེ་ཤོས་ནི་གང་སར་སྐྱ་ཐང་ཐང་གི་ས་ནག་གྲམ་ཐང་ཡིན་པ་དང་། ལོ་འདི་དག་རིང་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས། རྣམ་སྲས་གྲོག་རོང་ཆེན་མོའི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་ཡོད། གྲོག་རོང་དུ2017ལོའི་གསའ42ཡོད་པ་ནས་ད་ལྟའི85བར་ཇེ་མང་དུ་ཕྱིན་པ་དང་། གཟིག་ཁྲ་རིས་ཁེར་རྐྱང2017ལོར4ཡོད་པ་ནས་ད་ལྟའི12བར་ཇེ་མང་དུ་སོང་ཡོད།

2016ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟའི་ལས་དོན་སྤེལ་མགོ་ཚུགས་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་སྲུང་སྐྱོང་ལས་དོན་དུས་རིམ་གསར་པ་ཞིག་ཏུ་སླེབས།

3.jpg

པར་འདི་ནི་རྣམ་སྲས་གྲོག་རོང་ཆེན་མོའི་ཟུར་ཞིག་རེད།

2016ལོའི་ཟླ8པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས། རྣམ་སྲས་གྲོག་རོང་ཆེན་མོའི་གཞི་རིམ་ལས་བྱེད་པ་དང་སྐྱེ་ཁམས་བདག་སྐྱོང་བ་སོགས་དང་བརྙན་ལམ་བརྒྱུད་དེ་ཁ་བརྡ་བྱས་ལ། ཁོང་ཚོས་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ཕྱར་བ་གྲུ་འདེགས་ངང་མཚེའུ་དང་རྩྭ་ཐང་། ཆུ་བོ། རི་སྐྱེས་སྲོག་ཆགས་སོགས་ཀྱི་སྐྱེ་ཁམས་ཐོན་ཁུངས་ལ་བདག་སྐྱོང་ཡག་པོ་བྱས་ན་ཐོན་སྐྱེད་དང་འཚོ་བ་ཇེ་ལེགས་སུ་འགྲོ་ངེས་ཡིན་པའི་རེ་བ་བསྩལ།

ལོ་དེར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ“ཁྱིམ་ཚང་རེར་ལས་གནས་རེའི”སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་ཀྱི་ལམ་སྲོལ་བཙུགས། 2018ལོར་བསམ་འགྲུབ་སྐྱེ་ཁམས་དོ་དམ་སྲུང་སྐྱོང་བ་ཞིག་ཏུ་གྱུར། ལས་ཀ་དེས་ལོ་རེར་ཁོ་ལ་ཡོང་འབབ་སྒོར་ཁྲི2ལྷག་བསྐྲུན་ཡོད། ཁོས་བལྟས་ན། “སྲོག་ཆགས་སྲུང་སྐྱོབ་བྱེད་ཐུབ་ལ་དངུལ་བསགས་ནས་ཁྱིམ་ལ་ལྟ་རྟོག་ཀྱང་བྱེད་ཐུབ། འདི་ནི་ཏང་གི་སྲིད་ཇུས་ཡག་པོ་ཡིན་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྟེང་དེ་བས་མང་བའི་སྲིད་ཇུས་བཟང་པོ་འདོན་ཐུབ་པའི་ཡིད་ཆེས་ཡོད།”

ལོ་མང་པོའི་རིང་བསམ་འགྲུབ་ཀྱིས་ཉིན་རེར་ཟིན་བྲིས་ཁྱེར་ནས་ཕྱུགས་འཚོ་བའི་གོ་རིམ་ཁྲོད་མཐོང་བའི་ཁོར་ཡུག་གི་འགྱུར་ལྡོག་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་གནས་ཚུལ་ཚང་མ་ཟིན་ཐོར་བཀོད། 

         ངལ་གསོ་ཞོར་དུ་མདུན་སྐྱོད་བྱེད་བཞིན་ཡོད་ལ། གློ་བར་དུ་བསམ་འགྲུབ་ཀྱིས་རི་དྭགས་གཅིག་གསར་དུ་རྙེད།

4.jpg

  པར་འདི་ནི་རྣམ་སྲས་གྲོག་རོང་ཆེན་མོ་ནས་པར་བླངས་བའི་ཤ་བ་མཆུ་དཀར་རེད།

“ལྟོས་དང་། འདི་ནི་གསའ་ཡི་སྐྱག་གཅིན་ཡིན་པ་དང་འགྲམ་དུ་ད་དུང་རྐང་རྗེས་ཡོད།”བསམ་འགྲུབ་ཀྱིས་ལྟ་ཞིབ་ཞིབ་མོ་བྱེད་ཞོར་ལག་འཁྱེར་ཁ་པར་བླངས་ནས་པར་བརྒྱབ་པ་མ་ཟད། ཟིན་བྲིས་སྟེང་ཏུ་ཞིབ་ཕྲའི་ས་གནས་ཀྱང་ཟིན་བྲིས་སུ་བཏབ།

“ཉེ་འགྲམ་དུ་གསའ་ཡོད་ཁོ་ཐག་ཡིན། དེས་མི་ཚད་གཅིག་གིས་མི་ཚད། ངེས་པར་དུ་མྱུར་དུ་ཟིན་བྲིས་སུ་འགོད་དགོས།”ཞེས་བསམ་འགྲུབ་ཀྱིས་བཤད།

བསམ་འགྲུབ་ཀྱི་ཟིན་བྲིས་དེབ་མཐུག་པོ་དེ་ཁ་ཕྱེ་ནས་གསར་འགོད་པས་མཐོང་སྐབས་གསའ་ཐོན་པའི་གནས་ཚུལ་མི་ཉུང་བ་ཞིག་ཟིན་བྲིས་སུ་བཏབ་ཡོད།

2019ལོར་རྣམ་སྲས་ཤང་ལ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དབང་བཅོལ་ཐོབ་པ་དང་། རང་བྱུང་ཉམས་ལེན་གྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ཚོད་ལྟ་བྱེད་མགོ་ཚུགས་པ་དེའང་རང་རྒྱལ་གྱིས་རྒྱལ་ཁབ་སྤྱི་གླིང་ལ་སྤེལ་བའི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ཚོད་ལྟའི་རྣམ་གྲངས་དང་པོ་དེ་ཡིན། བསམ་འགྲུབ་ལྟ་བུའི་ཁོར་ཡུག་ལ་རྒྱུས་མངའ་ཡོད་པའི་འབྲོག་ཁྱིམ་ལ་ཡུལ་སྐོར་སྣེ་ཤན་པའི་ལས་གཉེར་གོ་སྐབས་བྱུང་།

བསམ་འགྲུབ་ཀྱིས་བཤད་རྒྱུར། འབྲོག་པ་རྣམས་ཡུལ་སྐོར་སྣེ་ཤན་པར་གྱུར་ནས་ཡོང་འབབ་ཡོང་ཁུངས་ཤིག་ཇེ་མང་དུ་གྱུར་ཟེར། མིག་སྔར་རྣམ་སྲས་ཤང་གི་འབྲོག་པའི་ཁྱིམ་ཚང22ཀྱིས་རང་བྱུང་ཉམས་ལེན་གྱི་དམིགས་བསལ་གཉེར་སྐྱོང་བྱས་ཡོད། ན་ནིང་ནས་བཟུང་བསམ་འགྲུབ་ཀྱིས་རླངས་འཁོར་ཞིག་བརྗེས་ཏེ་ཆེད་མངགས་རང་བྱུང་ཉམས་ལེན་མཁན་འཁྲིད་ནས་རང་བྱུང་ཁམས་ཀྱི་ཚོར་སྣང་ཚོར་བ་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་པར་རྒྱག་བཞིན་ཡོད།

5.jpg

པར་འདི་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ནང་ཁུལ་དུ་པར་བླངས་བའི་རྣམ་སྲས་གྲོག་རོང་ཆེན་མོའི་བོད་བྱིའུ་རེད།

ཉིན་གུང་ཁྱིམ་དུ་ལོག་མ་ཐག་བསམ་འགྲུབ་ཀྱིས་དཔེ་ཆ་ཞིག་ལག་ཏུ་བཟུང་ནས་བལྟས། གསར་འགོད་པས་ཁོང་གི་ལག་ནས་དཔེ་ཆ་ཚུར་བླངས་རྗེས་དེ་ནི《གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལག་དེབ》ཡིན་པ་དང་དེའི་ནང་པར་རིས་དང་ཡི་གེ་མཉམ་དུ་འདྲེས་ནས་གཙང་གསུམ་འབྱུང་ཡུལ་གྱི་རྟག་ཏུ་མཐོང་རྒྱུ་ཡོད་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྐོར་བཀོད་ཡོད།

དེ་རིང་གི་ལམ་བར་དུ་སླར་ཡང་ངས་ངོ་མི་ཤེས་པའི་སྲོག་ཆགས་འགའ་མཐོང་བས་དཔེ་ཆ་འདིར་བལྟས་ནས་སློབ་སྦྱོང་བྱས། བསམ་འགྲུབ་ཀྱིས“ཁྱེད་རང་གིས་གཟིགས་དང་། ཕྱིར་ལོག་པའི་ལམ་བར་དུ་མཐོང་བའི་བྱིའུ་ནི་ཀྲུང་གོར་དམིགས་བསལ་དུ་ཡོད་པའི་སྐྱེ་དངོས་རིགས་ཤིག་ཡིན།

མིག་སྔར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁྲོད་བསམ་འགྲུབ་དང་འདྲ་བར་སྲིད་གཞུང་གིས་གདན་ཞུ་བྱས་པའི་སྐྱེ་ཁམས་བདག་སྐྱོང་བ་ཁྲི2ལས་བརྒལ་ཡོད། ལོ་མང་པོའི་རིང་། རང་རྒྱལ་གྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར220ལྷག་བཏང་ནས་གཙང་གསུམ་འབྱུང་ཡུལ་གྱི་དུས་ཐེངས་དང་པོ་དང་གཉིས་པའི་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་ལས་གཞི་སྔ་རྗེས་སུ་སྤེལ་ཏེ། རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་བྱུང་བ་དང་གཙང་གསུམ་འབྱུང་ཡུལ་གྱི་ཆུ་རྩྭ་གསོ་འཁྱོངས་ཁུལ་གྱི་ནུས་པ་ལོ་རེ་བཞིན་ཇེ་ཆེར་ཕྱིན་ནས། རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་མངོན་གསལ་ཀྱིས་ཇེ་མང་དུ་གྱུར།

གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱིས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་ནས། ལྗང་མདོག་ཐཱན་ཉུང་གི་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཀྱི་མ་ལག་ཧུར་ཐག་གིས་སྐྲུན་པ་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མགྱོགས་མྱུར་གྱིས་སྐྲུན་པ། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བཅས་བསྐྲུན་བཞིན་ཡོད།

ས་སྲོད་དུས་སུ། བསམ་འགྲུབ་ཀྱིས་ཕྱུགས་ཟོག་རྣམས་ཁྱིམ་དུ་བདེད་རྗེས། ཉིན་གཅིག་གི་ཕྱུགས་འཚོ་བའི་གནས་ཚུལ་དང་རི་སྐོར་ཟིན་ཐོ་ལེགས་སྒྲིག་བྱེད་མགོ་བརྩམས། དེ་མིན་རང་གིས་པར་བླངས་པའི་རི་སྐྱེས་སྲོག་ཆགས་ཀྱི་འདྲ་པར་ཁ་ཤས་སྔོན་ཆད་ཡོང་མྱོང་བའི་རང་བྱུང་ཉམས་ལེན་པར་བསྐུར་བ་དང་འབྲེལ“སྐྱེ་ཁམས་ཇེ་ལེགས་སུ་ཕྱིན་པས། ཤེས་རྟོགས་གསར་བ་བྱུང་། མྱུར་དུ་བལྟས་ཤིག”ཅེས་པའི་ཆ་འཕྲིན་ཞིག་ཁ་བསྣན།  །

1129048095_16647014909741n.jpg

པར་འདི་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ནང་ཁུལ་དུ་པར་བླངས་བའི་རྣམ་སྲས་གྲོག་རོང་ཆེན་མོའི་གསའ་གཟིག་རེད།


  • 顶