ནས་ཀྱི་ཐོན་འབབ་ཆག་མེད་པ།—— རྒྱལ་རྩེ་རྫོང་གིས་ནུས་ཤུགས་ཡོད་རྒུས་སྟོན་བསྡུའི་ལས་དོན་ཡག་པོ་བསྒྲུབས་པ།

2022-10-03
453

ba657e87-2ef8-495d-a0d0-c46f6c421d2d.jpg.jpg

འདི་ནི་རྒྱལ་རྩེ་རྫོང་ར་སོག་ཤང་ནོར་ཁང་གྲོང་ཚོའི་གྲོང་མི་ཚེ་རིང་སྟོབས་རྒྱལ་གྱིས་གཡུལ་ཁ་གཏོང་བཞིན་པ།

གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་འཕྲེང་རིང་ཤང་རྒྱ་སྟོད་གྲོང་ཚོའི་མུ་མཐའ་མེད་པའི་ཞིང་ཁར་གསེར་མདོག་གིས་བརྒྱན་ཞིང་ནས་འབྲུ་རྡོག་ཆེ་ལ་སྐྱེ་འཚར་ཧ་ཅང་ཡག་པོ་ཡོད་ཅིང་། དེའི་ཁྲོད་ཞིང་ཁ་ལ་ལ་བརྔས་ཟིན་པ་དང་ལ་ལ་ད་དུང་བརྔ་རྒྱུ་ཡིན་པས་རླུང་བུའི་ཁྲོད་ཕར་གཡུག་ཚུར་གཡུག་གིས་ཞིང་བརྔ་རྒྱུར་སྒུག་པ་དང་གཉིས་སུ་མ་མཆིས།

“སྟོན་བསྡུ་མ་བྱས་གོང་ང་ཚོས་གྲོང་ཚོའི‘ཨུ་ལྷན་གཉིས’དང་། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི། ‘གཉིས་ལྡན་དུད་སྦྲེལ’གྱི་སྤྱི་མི་སོགས་ལས་གྲུབ་པའི་རྒྱ་སྟོད་གྲོང་ཚོའི་སྟོན་བསྡུའི་དང་བླངས་ཞབས་ཞུ་རུ་ཁག་སྐུལ་སློང་བྱས་ནས་གྲོང་མིར་ཞིང་བརྔ་རོགས་བྱས་ཤིང་། ཕྱིར་གླ་པར་བསྐྱོད་པ་དང་གཟུགས་པོ་ཐང་པོ་མེད་པ་སོགས་ཀྱི་རྐྱེན་པས་ངལ་རྩོལ་ནུས་ཤུགས་མི་འདང་བའི་ཁྱིམ་ཚང་བློ་བདེ་པོ་དང་སེམས་འཚབ་མི་ཡོང་བ་བྱས་ཡོད། ང་ཚོ་ཡོད་པས་ནས་ཀྱི་ཐོན་འབབ་ཆག་མི་སྲིད”ཅེས་རྒྱ་སྟོད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་དབང་འདུས་ཀྱིས་བཤད།

“སྟོན་བསྡུའི་ལས་འགན་དུས་ཐོག་ཏུ་ལེགས་སྒྲུབ་བྱ་ཆེད། ང་ཚོས་མཉམ་ལས་ཁང་གི་ཞིང་འཕྲུལ་ལ་ཞིབ་བཤེར་ཉམས་བཟོ་བྱེད་པ་དང་སྟོན་བསྡུའི་ལས་དོན་ལ་མཁོ་བའི་སྣུམ་སྔ་སྣུར་ནས་གྲ་སྒྲིག་བྱས་པ་ཡིན། མིག་སྔའི་བར་མཉམ་ལས་ཁང་གིས་མུའུ་3600ཡི་སྟོན་བསྡུའི་ལས་འགན་ལེགས་སྒྲུབ་བྱས་པ་དང་སྔོན་དཔག་བྱས་ན་ཟླ་བཅུ་པའི་ཟླ་འགོར་ལས་འགན་ལྷག་མ་རྣམས་དུས་བཀག་ལྟར་ལེགས་སྒྲུབ་ཐུབ་རྒྱུ་རེད”ཅེས་ར་སོག་ཤང་ནོར་ཁང་གྲོང་ཚོའི་ཞིང་འཕྲུལ་མཉམ་ལས་ཁང་གི་འགན་འཁུར་བ་ལྷག་རྡོར་གྱིས་བཤད།

འདི་ལོའི་ཟླ་བརྒྱད་པར་རྒྱལ་རྩེ་རྫོང་གིས་ཡུག་སྦྲེལ་ཁུལ་གྱི་དོན་དངོས་དང་ལོ་ཏོག་གི་སྣ་ཁའི་ཧེ་བག་སོགས་ལ་གཞིགས་ནས་སྟོན་བསྡུའི་དུས་ཚོད་རེའུ་མིག་དང་འཆར་གཞི་བཟོས་ཏེ་རྫོང་ཡོངས་སུ་བསམ་ཇུས་གཅིག་དང་དྲ་བ་གཅིག་ཡོང་བ་བྱས་ནས། སྟོན་བསྡུའི་ལས་དོན་བརྟན་ལ་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱས་པ་རེད། དེ་དང་ཆབས་ཅིག་རྒྱལ་རྩེ་རྫོང་གིས་ད་དུང་ཤང་དང་གྲོང་རྡལ་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་གྲོང་ཚོ་ཁག་གི་ཡུལ་མིའི་སྟོན་བསྡུའི་ལས་ཀའི་གཞི་གྲངས་མཐིལ་རྟོགས་བྱེད་པའི་རྨང་གཞིའི་ཐོག སྟོན་བསྡུའི་ཞིང་འཕྲུལ་ལྷུ་ལག་སྡེབ་སྐྱེལ་དང་ཞིང་འཕྲུལ་ལ་མཁོ་བའི་སྣུམ་སྤྲོད་པ་སོགས་ཀྱི་ལས་དོན་གཅིག་གྱུར་བཀོད་སྒྲིག་བྱས་པ་དང་ཁོངས་གཏོགས་ཁུལ་གྱི་ཞིང་འཕྲུལ་མཉམ་ལས་ཁང་15ཡིས་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་ཆེ་གྲས་99བཏང་ནས་ས་ཁོངས་དང་ཆ་རྐྱེན་དབྱེ་སྟེ་གཞི་ཁྱོན་ཅན་གྱི་བརྔ་བསྡུ་བྱས་པས། ཞིང་ལས་སྐྱེ་དངོས་བསྡུ་དགོས་རིགས་ཚང་མ་བསྡུ་ཐུབ་པ་བྱུང་ཡོད། མིག་སྔའི་བར་རྒྱལ་རྩེ་རྫོང་གིས་ཞིང་ལས་སྐྱེ་དངོས་མུའུ་ཁྲི་14.90བརྔ་བསྡུ་བྱས་པ་དེས་སྤྱིའི་འདེབས་ཁྱོན་གྱི་92%བཟུང་ཡོད་པ་རེད།


  • 顶 0