
འདི་ནི་བཅུ་འཕར་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་བླངས་པས་ཏང་དར་དང་མཉམ་དུ་པར་རྒྱག་བཞིན་པ།
ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཆོད་སེམས་མཚོན་པར་བྱ་ཆེད། ཉིན་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དགུང་ཚང་ཤང་བཅུ་འཕར་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་བླངས་པ་ཚོས་ཞིང་དལ་དུས་ཚོད་སྤྱད་དེ“ཏང་དར་བཙེམས་ནས་ཏང་ལ་ཕུལ། ཚོགས་ཆེན་ཉི་ཤུ་པ་དགའ་སྤྲོའི་ངང་ནས་བསུ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་ཏང་ལ་བརྩེ་སེམས་ཟབ་མོ་བཅངས་ལུགས་མཚོན་པར་བྱས་པ་རེད།
འཕྲིན་སྟེགས། weikangba