
གྱོད་གཞི།
ཝང་ཆེ་གེ་མོས་འཕྲོག་བཅོམ་གྱོད་གཞི་མང་པོ་བཟོས་པར་ཕྱོགས་ཁག་གིས་དོ་ཁུར་བྱས་པས་མཐར་དུས་བཀག་བཙོན་འཇུག་ལོ་15བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད། སྤྱི་ཚོགས་ཀྱི་མང་ཚོགས་ཀྱིས་གྱོད་གཞི་དེར་དོ་ཁུར་བྱེད་པར་ལན་སློག་ཆེད། ས་གནས་དེ་གའི་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་གིས་བརྙན་འཕྲིན་ལས་ཁུངས་དང་མཉམ་འབྲེལ་ཐོག བཅད་ཁྲ་ཁྱབ་བསྒྲགས་བྱེད་པའི་བརྒྱུད་རིམ་བརྙན་ལེན་བྱས་ནས་འཕྲིན་སྤེལ་བྱས་པ་མ་ཟད། འབྲེལ་ཡོད་ཀྱི་ཁྲིམས་ལུགས་ཁྱབ་གདལ་བརྙན་ཡང་བཟོས་པ་རེད། བཙོན་ཁང་ནང་གི་ཝང་ཆེ་གེ་མོས་གནས་ཚུལ་དེ་ཤེས་རྗེས། བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་འཕྲིན་སྤེལ་དང་ཁྲིམས་ལུགས་ཁྱབ་གདལ་གྱི་བརྙན་གྱིས་ཁོང་གི་འདྲ་པར་གྱི་བདག་དབང་ལ་གནོད་འཚེ་བཏང་ཡོད་པར་ངོས་འཛིན་བྱས་ནས། ཁྲིམས་རྩོད་པར་ཁྲིམས་ཁང་ལ་ཞུ་གཏུག་རྒྱག་རྒྱུའི་མངགས་བཅོལ་བྱས་པ་རེད། གསར་འགྱུར་འཕྲིན་སྤེལ་ཁྲོད་ཝང་ཆེ་གེ་མོའི་འདྲ་པར་བཀོལ་ཆོག་གམ།
གྱོད་གཞི་ལ་གཞིགས་ནས་ཁྲིམས་བཤད་པ།
བཀོལ་ཆོག དམངས་དོན་ཁྲིམས་གཞུང་དོན་ཚན་དགུ་བརྒྱ་དང་གོ་དགུ་པའི་ནང་གཏན་འབེབས་བྱས་དོན། སྤྱི་པའི་ཁེ་ཕན་གྱི་ཆེད་དུ་གསར་འགྱུར་སྒྲོག་སྤེལ་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་སོགས་ཀྱི་བྱ་སྤྱོད་སྤེལ་ཚེ། དམངས་དོན་བྱེད་པོའི་རུས་མིང་དང་། མིང་། འདྲ་བརྙན། མི་སྒེར་གྱི་ཆ་འཕྲིན་སོགས་བེད་སྤྱོད་ལུགས་མཐུན་བྱས་ཆོག དམངས་དོན་ཁྲིམས་གཞུང་དོན་ཚན་ཆིག་སྟོང་དང་ཉི་ཤུ་པའི་ནང་གཏན་འབེབས་བྱས་དོན། གསར་འགྱུར་སྒྲོག་སྤེལ་གྱི་དོན་དུ་མི་བྱེད་ཀ་མེད་ཀྱིས་འདྲ་བརྙན་དབང་བདག་གི་འདྲ་བརྙན་བཟོ་བ་དང་། བཀོལ་སྤྱོད། ཡོངས་བསྒྲགས་བཅས་བྱེད་པར་འདྲ་བརྙན་དབང་བདག་གི་མོས་མཐུན་མ་ཐོབ་ན་ཆོག