ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ9བའི་ཚེས14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བསྡད་དེ་ས་མའར་ཧན་དུ་ཕེབས་ཏེ། ཨུ་ཟ་བྷེ་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གཉིས་པར་ཞུགས།

པར་འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ9བའི་ཚེས14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བསྡད་དེ་ས་མའར་ཧན་དུ་ཕེབས་ཏེ། ཨུ་ཟ་བྷེ་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གཉིས་པར་ཞུགས། ཨུ་ཟ་བྷེ་ཁི་སི་ཐན་གྱི་སྲིད་འཛིན་སྨི་ཨར་ཅི་གཡོད་ཡེ་ཧྥུའུ་དང་སྲིད་གཞུང་གི་ཙུང་ལི་ཨ་ལི་པོ་ཧྥུའུ། ཕྱི་འབྲེལ་པུའུ་ཀྲང་ནུའོ་ལུའོ་ཧྥུའུ། ས་མའར་ཧན་མངའ་སྡེའི་མགོ་གཙོ་ཐུར་ཅི་མོ་ཧྥུའུ་སོགས་མཐོ་རིམ་དཔོན་རིགས་ཀྱིས་གནམ་གྲུ་ཐང་ནས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་བཞིན་པའི་ཚུལ་རེད།
ཨུ་ཟ་བྷེ་ཁི་སི་ཐན་གྱི་སྲིད་འཛིན་སྨི་ཨར་ཅི་གཡོད་ཡེ་ཧྥུའུ་དང་སྲིད་གཞུང་གི་ཙུང་ལི་ཨ་ལི་པོ་ཧྥུའུ། ཕྱི་འབྲེལ་པུའུ་ཀྲང་ནུའོ་ལུའོ་ཧྥུའུ། ས་མའར་ཧན་མངའ་སྡེའི་མགོ་གཙོ་ཐུར་ཅི་མོ་ཧྥུའུ་སོགས་མཐོ་རིམ་དཔོན་རིགས་ཀྱིས་གནམ་གྲུ་ཐང་ནས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།

པར་འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ9བའི་ཚེས14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བསྡད་དེ་ས་མའར་ཧན་དུ་ཕེབས་ཏེ། ཨུ་ཟ་བྷེ་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གཉིས་པར་ཞུགས། ཨུ་ཟ་བྷེ་ཁི་སི་ཐན་གྱི་སྲིད་འཛིན་སྨི་ཨར་ཅི་གཡོད་ཡེ་ཧྥུའུ་དང་སྲིད་གཞུང་གི་ཙུང་ལི་ཨ་ལི་པོ་ཧྥུའུ། ཕྱི་འབྲེལ་པུའུ་ཀྲང་ནུའོ་ལུའོ་ཧྥུའུ། ས་མའར་ཧན་མངའ་སྡེའི་མགོ་གཙོ་ཐུར་ཅི་མོ་ཧྥུའུ་སོགས་མཐོ་རིམ་དཔོན་རིགས་ཀྱིས་གནམ་གྲུ་ཐང་ནས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་བཞིན་པའི་ཚུལ་རེད།
སྨི་ཨར་ཅི་གཡོད་ཡེ་ཧྥུའུ་ཡིས་གནམ་གྲུ་ཐང་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ཤིག་བསྡུས་ཤིང་། ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་ལྷབ་ལྷུབ་གཡོ་བའི་གཡས་གཡོན་དུ་གུས་དམག་རྣམས་དཔའ་ཉམས་དོད་པོས་གྲལ་སྒྲིག་ནས་བསྡད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཨུ་ཟ་བྷེ་ཁི་སི་ཐན་གྱི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་མཛད་གཟིགས་སྟེགས་བུའི་སྟེང་ཕེབས་པ་རེད། ཨུ་ཟ་བྷེ་ཁི་སི་ཐན་གྱི་སྲོལ་རྒྱུན་རོལ་ཆས་ཏེ་དུང་ཆེན་གྱིས་མགྲོན་བསུའི་རོལ་དབྱངས་དཀྲོལ་བ་དང་ས་གནས་དེ་གའི་གཞོན་ནུ་རྣམས་མི་རིགས་ཀྱི་གྱོན་ཆས་སྤྲས་ནས་གླུ་ལེན་པ་དང་གར་འཁྲབ་ཞིང་། འཁྲུག་ཆ་དོད་ཤོས་ཀྱི་སྟངས་སྟབས་ཀྱིས་ཆེས་མཆོག་ཏུ་གྱུར་པའི་སྐུ་མགྲོན་ལ་བསུ་བ་ཞུས།
ཞི་ཅིན་ཕིང་གིས་ཡིག་ཐོག་ནས་གསུང་བཤད་གནང་དུས། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ཏེ་ཨུ་ཟ་བྷེ་ཁི་སི་ཐན་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་མཐུན་འབྲེལ་བར་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ལྡན་ཞིང་། སྐྱེ་སྟོབས་དང་གསོན་ཤུགས་ཟམ་མི་ཆད་པ་འཕེལ་ཡོད། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་བཞིན་ཡོད་སྟབས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་མ་ཟད། ས་ཁུལ་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་གཏོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། ངས་ཙུང་ཐུང་སྨི་ཨར་ཅི་གཡོད་ཡེ་ཧྥུའུ་དང་མཉམ་དུ་རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ཐུན་མོང་ཐོག་དོ་ཁུར་བྱེད་བཞིན་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་གཏིང་ཟབ་སྒོས་བསམ་འཆར་བརྗེ་རེས་བྱས་ནས། ཀྲུང་ཨུ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་འཆར་གཞི་འགོད་རྒྱུ་ཡིན། ངེད་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སཱ་མའར་ཧན་དབུ་ཚོགས་ལ་ཞུགས་ཏེ་ཕྱོགས་སོ་སོ་དང་མཉམ་དུ“ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་གཏོང་བ་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྩ་འཛུགས་འདི་ཉིད་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

པར་འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ9བའི་ཚེས14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བསྡད་དེ་ས་མའར་ཧན་དུ་ཕེབས་ཏེ། ཨུ་ཟ་བྷེ་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གཉིས་པར་ཞུགས། ཨུ་ཟ་བྷེ་ཁི་སི་ཐན་གྱི་སྲིད་འཛིན་སྨི་ཨར་ཅི་གཡོད་ཡེ་ཧྥུའུ་དང་སྲིད་གཞུང་གི་ཙུང་ལི་ཨ་ལི་པོ་ཧྥུའུ། ཕྱི་འབྲེལ་པུའུ་ཀྲང་ནུའོ་ལུའོ་ཧྥུའུ། ས་མའར་ཧན་མངའ་སྡེའི་མགོ་གཙོ་ཐུར་ཅི་མོ་ཧྥུའུ་སོགས་མཐོ་རིམ་དཔོན་རིགས་ཀྱིས་གནམ་གྲུ་ཐང་ནས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་བཞིན་པའི་ཚུལ་རེད།
སྨི་ཨར་ཅི་གཡོད་ཡེ་ཧྥུའུ་ཡིས་ཞི་ཅིན་ཕིང་དང་ལྷན་དུ་གནམ་གྲུ་ཐང་གི་སྐུ་མགྲོན་ཐོག་བརྩེགས་བརྒྱུད་ནས་ཕེབས་རོགས་བྱས་པ་དང་། གློག་རྡུལ་བརྙན་ཤེལ་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་པར་ཆེན་པོ་ཞིག་འཆར་བར་བྱེད་པའི་དུས་མཚུངས་སུ། ཀྲུང་ཨུ་སྐད་གཉིས་སྒོས“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨུ་ཟ་བྷེ་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ”ཞེས་འཁོད་ཡོད།
ཞི་ཅིན་ཕིང་དང་སྨི་ཨར་ཅི་གཡོད་ཡེ་ཧྥུའུ་རྣམ་གཉིས་ཀྱིས་ཞལ་གྱེས་ནས་རླངས་འཁོར་ནང་བཞུགས་སྐབས། སང་ཉིན་དངོས་གཞིའི་གྲོས་མོལ་སྐབས་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཏིང་ཤུའེ་ཞང་དང་དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥུང་སོགས་ཀྱི་ཕེབས་རོགས་མི་སྣ་རྣམས་ཀྱང་གནམ་གྲུ་གཅིག་ལ་བསྡད་ནས་འབྱོར་བ།
ཨུ་ཟ་བྷེ་ཁི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཅང་ཡན་གྱིས་ཀྱང་གནམ་གྲུ་ཐང་དུ་བསུ་མ་བྱས། །
འཕྲིན་སྟེགས། weikangba