བོད་ལྗོངས་ཀྱི་ནད་ཡམས་གནས་ཚུལ་གསར་ཤོས།

2022-09-15
544

གཤམ་གསལ་ནི་བོད་ལྗོངས་ཀྱི་གྲོང་ཁྱེར་ཁག་གཅིག་གི་ནད་ཡམས་གནས་ཚུལ་རེད།

◆གཞིས་ཀ་རྩེ། 

  ཟླ་བ་9པའི་ཚེས་14ཉིན་གྱི་ཆུ་ཚོད་0ནས་ཆུ་ཚོད་24བར། གཞིས་རྩེ་གྲོང་ཁྱེར་དུ་རང་སར་ཏོག་གསར་ནད་དུག་འགོས་པའི་མི་19གསར་དུ་འཕར་བ་དང་། དེ་དག་ཚང་མ་ནད་དུག་འགོས་ཀྱང་ནད་རྟགས་མངོན་མེད་པའི་མི་ཤ་སྟག་ཡིན་པ་རེད། གསར་དུ་འཕར་བའི་ནད་དུག་འགོས་ཀྱང་ནད་རྟགས་མངོན་མེད་པའི་མི་དེ་དག་ཚང་མ་བསམ་གྲུབ་རྩེ་ཆུས་ཀྱི་ལོགས་དབྱེའི་ལྟ་སྡོམ་བྱ་ཡུལ་མི་ཚོགས་ཁྲོད་ནས་ཐོན་ཡོད་པ་རེད། སྤྱི་ཟླ་9པའི་ཚེས་14ཉིན་གྱི་ཆུ་ཚོད་24པར་སླེབས་སྐབས། བསམ་གྲུབ་རྩེ་ཆུས་ཀྱི་ཉེན་ཁ་འབྲིང་བའི་ཁུལ་36དང་དེ་བཞིན་ས་སྐྱ་རྫོང་གི་ཉེན་ཁ་འབྲིང་བའི་ཁུལ་2ཀྱི་ཉེན་ཁའི་རིམ་པ་དེ་ཉེན་ཁ་ཆུང་བའི་ཁུལ་དུ་བཅག་པ་རེད། དེས་ན་མིག་སྔར་གཞིས་ཀ་རྩེར་ཉེན་ཁ་ཆེ་བ་དང་འབྲིང་བའི་ཁུལ་མེད་པར་གྱུར་བ་རེད། 

◆ལྷོ་ཁ།

  ཟླ་བ་9པའི་ཚེས་14ཉིན་གྱི་ཆུ་ཚོད་0ནས་ཆུ་ཚོད་24བར། ལྷོ་ཁ་གྲོང་ཁྱེར་དུ་ཏོག་གསར་གློ་ཚད་ཕོག་པའི་ནད་པ་དང་ནད་དུག་འགོས་ཀྱང་ནད་རྟགས་མངོན་མེད་པའི་མི་གསར་དུ་ཐོན་མེད་པ་རེད། ཟླ་བ་9པའི་ཚེས་14ཉིན་གྱི་ཆུ་ཚོད་24པར་སླེབས་སྐབས་ལྷོ་ཁ་གྲོང་ཁྱེར་དུ་ནད་དུག་འགོས་ཀྱང་ནད་རྟགས་མངོན་མེད་པའི་མི་72ལྷག་ཡོད་པ་རེད།

◆ནག་ཆུ།

  ཟླ་བ་9པའི་ཚེས་13ཉིན་གྱི་ཆུ་ཚོད་0ནས་ཆུ་ཚོད་24བར། ནག་ཆུ་གྲོང་ཁྱེར་ཡོངས་སུ་ཏོག་གསར་ནད་དུག་འགོས་པའི་མི་9གསར་དུ་ཐོན་པ་དང་། དེ་དག་ལས་མི་1ནི་ཏོག་གསར་གློ་ཚད་ཕོག་པ་གཏན་འཁེལ་བའི་ནད་པ་དང་། མི་8ནི་ནད་དུག་འགོས་ཀྱང་ནད་རྟགས་མངོན་མེད་པའི་མི་ཡིན་པ་རེད། དེ་དག་ཁྲོད་གསེར་རྙེད་ཆུས་སུ་ཉིན་དེར་མི་8འཕར་བ་ལས། མི་1ནི་ཏོག་གསར་གློ་ཚད་ཕོག་པ་གཏན་འཁེལ་བའི་ནད་པ་དང་། མི་7ནི་ནད་དུག་འགོས་ཀྱང་ནད་རྟགས་མངོན་མེད་པའི་མི་ཡིན་ཞིང་། དེ་དག་ཚང་མ་ལོགས་དབྱེའི་མི་སྣར་ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་ཤེས་རྟོགས་བྱུང་བ་རེད། གཞན་ཡང་ཨ་མདོ་རྫོང་དུ་ནད་དུག་འགོས་ཀྱང་ནད་རྟགས་མངོན་མེད་པའི་མི་1ཐོན་པ་དང་། དེ་ནི་གྲོང་ཁྱེར་ཕྱི་རོལ་ནས་འཛུལ་བའི་མི་ཡིན་པ་རེད། མིག་སྔར་གོང་གསལ་མི་9དེ་དག་གནས་གཏན་འཁེལ་གྱི་ལོགས་དབྱེའི་ས་ཚིགས་སུ་བསྐྱལ་ནས་ནད་བརྟག་སྨན་བཅོས་བྱེད་བཞིན་ཡོད་པ་དང་། མི་དེ་དག་དང་ཉེ་འབྲེལ་དང་བརྒྱུད་འབྲེལ་བྱུང་བའི་མི་ཚང་མར་ལོགས་དབྱེའི་ལྟ་སྡོམ་བྱེད་བཞིན་ཡོད་པ་རེད།

◆ཉིང་ཁྲི།  

  ཟླ་བ་9པའི་ཚེས་13ཉིན་གྱི་ཆུ་ཚོད་0ནས་ཆུ་ཚོད་24བར། ཉིང་ཁྲི་གྲོང་ཁྱེར་དུ་རང་སར་ཏོག་གསར་ནད་དུག་འགོས་པའི་མི་གསར་དུ་ཐོན་མེད་པ་དང་། ཕྱི་ཕྱོགས་ནས་འཛུལ་བའི་ཏོག་གསར་ནད་དུག་འགོས་པའི་མི་1གསར་དུ་ཐོན་པ་དེ་ནི་ཕྱི་ཕྱོགས་ནས་ཡོང་བའི་མི་ཉིང་ཁྲིར་ལོགས་དབྱེ་བྱེད་ས་ནས་ཤེས་རྟོགས་ཐུབ་པ་རེད། ཉིན་དེར་ནད་པ་16དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཐོན་ཡོད། དེ་ལྟར་ཟླ་བ་9པའི་ཚེས་13ཉིན་གྱི་ཆུ་ཚོད་24བར། ཉིང་ཁྲིར་ཁྱོན་ཏོག་གསར་གློ་ཚད་ཕོག་པ་གཏན་འཁེལ་བའི་ནད་པ་109དང་། ནད་དུག་འགོས་ཀྱང་ནད་རྟགས་མངོན་མེད་པའི་མི་238ཐོན་ཡོད་ཅིང་། ཁྱོན་བསྡོམས་མི་347ཐོན་ཡོད། 

◆ཆབ་མདོ། 

 ཟླ་བ་9པའི་ཚེས་13ཉིན་གྱི་ཆུ་ཚོད་0ནས་ཆུ་ཚོད་24བར། ཆབ་མདོ་གྲོང་ཁྱེར་དུ་ཏོག་གསར་གློ་ཚད་ཕོག་པ་གཏན་འཁེལ་བའི་ནད་པ་དང་། ནད་དུག་འགོས་ཀྱང་ནད་རྟགས་མངོན་མེད་པའི་མི་གསར་དུ་ཐོན་མེད་པ་རེད། དེ་ལྟར་སྤྱི་ཟླ་9པའི་ཚེས་13ཉིན་གྱི་ཆུ་ཚོད་24བར། ཆབ་མདོར་ཁྱོན་ཏོག་གསར་གློ་ཚད་ཕོག་པར་གཏན་འཁེལ་བའི་ནད་པ་213དང་། ནད་དུག་འགོས་ཀྱང་ནད་རྟགས་མངོན་མེད་པའི་མི་165ཐོན་པ། དེ་དག་ཁྲོད་ནས་ཏོག་གསར་གློ་ཚད་ཕོག་པར་གཏན་འཁེལ་བའི་ནད་པ་156དང་ནད་དུག་འགོས་ཀྱང་ནད་རྟགས་མངོན་མེད་པའི་མི113དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཐོན་ཡོད་པ་རེད། རིགས་གཅིག་མཁས་པས་བརྡར་ཤ་བཅད་པ་བརྒྱུད། མིག་སྔར་ཆབ་མདོ་གྲོང་ཁྱེར་ཡོངས་སུ་ཉེན་ཁ་འབྲིང་བ་དང་ཆེ་བའི་ཁུལ་མེད་པ་རེད།

◆མངའ་རིས།

   ཟླ་བ་9པའི་ཚེས་13ཉིན་གྱི་ཆུ་ཚོད་0ནས་ཆུ་ཚོད་24བར། མངའ་རིས་ས་ཁུལ་དུ་ཏོག་གསར་ནད་དུག་འགོས་ཀྱང་ནད་རྟགས་མངོན་མེད་པའི་མི་3གསར་དུ་ཐོན་ཡོད་པ་དང་། ཚང་མ་ལྟ་སྡོམ་བྱ་ཡུལ་ཁྲོད་ནས་ཐོན་ཡོད་པ་རེད། ཟླ་བ་9པའི་ཚེས་13ཉིན་གྱི་ཆུ་ཚོད་0ནས་ཆུ་ཚོད་24བར། ས་ཁུལ་དེ་ཡོངས་སུ་ལོགས་དབྱེའི་གསོ་རིག་ལྟ་ཞིབ་བྱེད་མཚམས་བཞག་པ་དང་སྨན་ཁང་ནས་ཐོན་པའི་མི་102ཟིན་ཡོད་པ་དང་། མི་གྲངས་དེ་ད་ཕན་ཁྱོན་བསྡོམས་1069ཟིན་ཡོད། དེ་མིན་མངའ་རིས་ས་ཁུལ་དུ་སྤྱི་ཚོགས་ངོས་ཀྱི་ནད་པ་གཙང་སེལ་ཐུབ་ཟིན་ཡོད་པ་རེད། 



  • 顶 0