
ཟླ་བ་དགུ་པའི་ཚེས་ལྔ་ཉིན་གྱི་ཉིན་གུང་གི་ཆུ་ཚོད་བཅུ་གཉིས་དང་སྐར་མ་ང་གཉིས་ཐོག སི་ཁྲོན་དཀར་མཛེས་ཁུལ་དུ་ས་འགུལ་རིམ་པ་དྲུག་ཚེག་བརྒྱད་བྱུང་ནས་མི་སྣ་ཤི་རྨས་ཚབས་ཆེན་ཐེབས་པ་དང་། འགྲིམ་འགྲུལ་དང་འཕྲིན་གཏོང་། གློག་ཤུགས་བཅས་ཆད་ཡོད། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། གནོད་ཁུལ་ལ་དེ་མ་ཐག་ཏུ་རོགས་སྐྱོར་བྱས་ནས། ཚེ་སྲོག་སྐྱོབ་པ་དང་གནོད་སེལ་རྒུད་སྐྱོབ་གང་ཐུབ་བྱེད།
ས་འགུལ་བྱུང་ནས་སྐར་མ་བཅུའི་ནང་དུ་དྲག་ཆས་ཉེན་རྟོག་སི་ཁྲོན་སྤྱི་ཁྱབ་རུ་ཁག་གི་དཀར་མཛེས་ཡན་ལག་རུ་ཁག་གིས་དཔོན་དམག་སུམ་ཅུ་ལྷག་སྒྲིག་འཛུགས་བྱས་ནས། ལྕགས་ཁྱེམ་དང་སྨན་རྫས་ཁུར་ཞིང་རླངས་འཁོར་ནང་བསྡད་དེ་གནོད་ཁུལ་དུ་སྐྱོད། ལྕགས་ཟམ་རྫོང་རི་མཇུག་གྲོང་རྡལ་དུ་སླེབས་དུས་རི་ཉིལ་བ་དང་ལམ་ཆད་ཡོད་ཀྱང་། དམག་དཔོན་ཚོ་རྐང་ཐང་ནས་ལམ་དུ་ཆས།
ཕྱི་དྲོའི་ཆུ་ཚོད་གསུམ་དང་སྐར་མ་ཉི་ཤུའི་ཐོག དཔོན་དམག་ཚོ་འགུལ་ལྟེ་འབོ་ཞབས་གྲོང་རྡལ་དུ་སླེབས། ཆུ་ཚོད་ཕྱེད་ཀ་སྔོན་དུ་སླེབས་པའི་ལྕགས་ཟམ་རྫོང་མི་དམངས་དྲག་ཆས་ཉེན་རྟོག་དམག་དཔུང་གི་ཡུལ་དམག་བརྒྱ་ཤོག་གི་བབ་བསྟུན་ལྡིང་ཤོག་དང་མཉམ་དུ་མི་སྣ་འཚོལ་སྐྱོབ་བྱེད།
དེ་ནས་ནུབ་རྒྱུད་འཐབ་ཁུལ་གྱི་སྐམ་དམག་ཤོག་སྒྲིག་དཔུང་ཚོགས་དོན་བདུན་པའི་དཔོན་དམག་ཀྱང་འགུལ་ལྟེ་དུ་སླེབས། མྱུར་སྐྱོབ་སྨན་རྫས་དང་། ཚེ་སྲོག་ཚོར་ཆས། བཤིག་ཆས་སོགས་ཁུར་ཡོད། ཁོ་ཚོ་ནི་འགུལ་ལྟེ་རུ་སླེབས་པའི་ཆེད་ལས་རོགས་སྐྱོབ་རུ་ཁག་ཞིག་རེད།
འཕྲིན་སྟེགས། weikangba