ཟླ་བ་དགུ་པའི་ཚེས་བཅུ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་པའི་བར། སི་ཁྲོན་ཞིང་ཆེན་གནོད་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་ཡི་དགུ་པའི་ཚེས་ལྔའི་ལྕགས་ཟམ་ས་འགུལ་གྱི་གནོད་སེལ་རྒུད་སྐྱོབ་ཀྱི་ཞལ་འདེབས་མ་དངུལ་ལེན་པའི་སྤྱི་བསྒྲགས་ལྟར་གཤམ་ནས་༢༠༢༢ལོའི་ཟླ་བ་དགུ་པའི་ཚེས་བཅུ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་པའི་བར། དགུ་པའི་ཚེས་ལྔའི་ལྕགས་ཟམ་ས་འགུལ་རིམ་པ་དྲུག་ཚེག་བརྒྱད་ཀྱི་ཞིང་ཆེན་རིམ་པའི་གནོད་སེལ་རྒུད་སྐྱོབ་ཀྱི་ཞལ་འདེབས་མ་དངུལ་ལེན་པའི་གནས་ཚུལ་སྤྱི་བསྒྲགས་བྱེད་པ་ཡིན།
དགུ་པའི་ཚེས་ལྔའི་ལྕགས་ཟམ་གྱི་ས་འགུལ་རིམ་པ་དྲུག་ཚེག་བརྒྱད་ཀྱི་གནོད་སེལ་རྒུད་སྐྱོབ་ཀྱི་ཞལ་འདེབས་མ་དངུལ་ལེན་ཚུལ།
ཟླ་བ་དགུ་པའི་ཚེས་བཅུ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་པའི་བར།

བསྡོམས་གྲངས། སྒོར་དུང་ཕྱུར་ཆིག་སྟོང་ཆིག་བརྒྱ་གྱ་བཞི་དང་བྱེ་བ་གཅིག་ས་ཡ་དགུ་འབུམ་དྲུག་ཁྲི་ལྔ་སྟོང་དགུ་བརྒྱ་དང་ཉེར་ལྔ།
སི་ཁྲོན་ཞིང་ཆེན་ནོར་སྲིད་ཐིང་། སྒོར་དུང་ཕྱུར་བཅུ་བཞི་དང་བྱེ་བ་གཅིག་ས་ཡ་བརྒྱད་འབུམ་ལྔ་ཁྲི་དྲུག་བརྒྱ་དང་བཞི།
སི་ཁྲོན་ཞིང་ཆེན་དགེ་རྩ་མཉམ་འབྲེལ་སྤྱི་ཁྱབ་ཚོགས་པ། སྒོར་དུང་ཕྱུར་བཅུ་གཅིག་དང་བྱེ་བ་གསུམ་ས་ཡ་ལྔ་འབུམ་བདུན་ཁྲི་དྲུག་སྟོང་གསུམ་ཉིས་བརྒྱ་ང་གཅིག
སི་ཁྲོན་ཞིང་ཆེན་རྒྱ་གྲམ་དམར་པོའི་ཚོགས་པ། སྒོར་དུང་ཕྱུར་སོ་བཞི་དང་བྱེ་བ་གཉིས་ས་ཡ་བཞི་འབུམ་བདུན་ཁྲི་བདུན་སྟོང་གསུམ་དགུ་བརྒྱ་ཉེར་གཅིག
སི་ཁྲོན་ཞིང་ཆེན་རྒྱ་གྲམ་དམར་པོའི་ཚོགས་པའི་གསལ་བཤད་ལྟར་ན། ཟླ་བ་དགུ་པའི་ཚེས་དགུ་ཉིན་གོང་དུ་ཞུས་པའི་གཞི་གྲངས་ནི་ཞིང་ཆེན་ཡོངས་ཀྱི་རྒྱ་གྲམ་དམར་པོའི་ཚོགས་པས་བསྡུ་ལེན་བྱས་པའི་ཞལ་འདེབས་མ་དངུལ་དང་དངོས་ཟོག་གི་གཞི་གྲངས་རེད། ཟླ་བ་དགུ་པའི་ཚེས་བཅུ་ཉིན་གོང་དུ་ཞུས་པའི་གཞི་གྲངས་ནི་ཞིང་ཆེན་རིམ་པའི་རྒྱ་གྲམ་དམར་པོའི་ཚོགས་པས་བསྡུ་ལེན་བྱས་པའི་ཞལ་འདེབས་མ་དངུལ་གྱི་གཞི་གྲངས་རེད།
སི་ཁྲོན་ཞིང་ཆེན་གནོད་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་ནས།
༢༠༢༢ལོའི་ཟླ་བ་དགུ་པའི་ཚེས་བཅུ་ཉིན།
འཕྲིན་སྟེགས། weikangba