འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ལྕགས་ཟམ་རྫོང་ས་འགུལ་གནོད་ཁུལ་དུ་མྱུར་བགྲོད་གཞུང་ལམ་ཡོངས་སུ་ཤར་གཏོང་ཐུབ་ཡོད་ཅེས་བསྟན།

2022-09-11
710

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ཆ་འཕྲིན་སྤེལ་བ་ལྟར་ན། ཟླ་བ་དགུ་པའི་ཚེས་བཅུ་གཅིག་ཉིན་གྱི་ཉིན་གུང་བར། སི་ཁྲོན་ཞིང་ཆེན་ལྕགས་ཟམ་རྫོང་ས་འགུལ་གནོད་ཁུལ་གྱི་མྱུར་བགྲོད་གཞུང་ལམ་ཡོངས་སུ་ཤར་གཏོང་ཐུབ་ཡོད་ལ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གཙོ་བོའི་ནང་། མིག་སྔར་ཞིང་ཆེན་རིམ་པའི་གཞུང་ལམ་གཉིས་གཅིག་བདུན་གྱི་ཐེན་ཝན་གཙང་པོའི་ཟམ་ཆེན་ནས་ཧྲི་མོན་བར་གྱི་སྤྱི་ལེ་བདུན་ཚེག་གཉིས་ཙམ་གྱི་ལམ་དུམ་སྔར་བཞིན་ཞིག་གསོ་བྱེད་པ་ལས་གཞན།  གཞུང་ལམ་གཞན་དག་ཡོངས་སུ་ཤར་གཏོང་ཐུབ་ཡོད། ཞིང་སྡེའི་གཞུང་ལམ་ཐད་བསྡོམས་པས་ལམ་དུམ་བཞི་བཅུ་ཆད་ཡོད་པ་ལས། ལམ་དུམ་སོ་གསུམ་ཐོགས་མེད་བྱས་ཡོད། དེའི་ནང་གསར་དུ་ཤར་གཏོང་ཐུབ་པའི་ལམ་ནི་གཡག་རྔ་གྲོང་ཁྱེར་ཞིན་མིང་ཞང་ཧྲོང་ཕིང་གྲོང་ཚོའི་ལམ་དུམ་རེད། མིག་སྔར་ད་དུང་ལམ་དུམ་བདུན་ལྷག་ཡོད། ཞིང་སྡེའི་གཞུང་ལམ་བསྡོམས་པས་སྤྱི་ལེ་ཞེ་དྲུག་ཚེག་བདུན་ད་དུང་ཞིག་གསོ་བྱས་དང་བྱེད་བཞིན་ཡོད།  


  • 顶 0