ཟླ་བ་དགུ་པའི་ཚེས་བཅུ་གཅིག་ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བ་དགུ་པའི་ཚེས་བཅུ་ཉིན་། དགུ་པའི་ཚེས་ལྔའི་ལྕགས་ཟམ་ས་འགུལ་གནོད་ཁུལ་གྱི་ཞང་དང་གྲོང་རྡལ། སྲིད་འཛིན་གྲོང་ཚོ་ཡོངས་སུ་སྤོ་འཕྲིན་དང་འཕྲིན་གཏོང་ཁེབས་ཡོད་ལ། ས་འགུལ་མ་བྱུང་སྔོན་གྱི་ཆུ་ཚད་དུ་སླར་གསོ་ཐུབ་ཡོད།
ཟླ་བ་དགུ་པའི་ཚེས་བཅུ་ཉིན་གྱི་བར་དུ། འཕྲིན་གཏོང་ལས་རིགས་ཀྱིས་གནོད་ཁུལ་དུ་ཞིག་གསོ་མི་སྣ་མི་ཐེངས་ལྔ་སྟོང་བདུན་བརྒྱ་ཉེར་གཉིས་མངགས་པ་དང་། བབ་བསྟུན་སྒྲིག་ཆས་ཆེན་པོ་སྤྱོད་ཐེངས་བཞི་སྟོང་ཆིག་བརྒྱ་དོན་ལྔ་དང་། མི་མེད་གནམ་གྲུ་བཞི་བཀོད་སྒྲིག་བྱས་ཡོད། ལམ་དང་གློག་ཆད་པ་སོགས་ཀྱི་དཀའ་ངལ་བསལ་ནས། གནོད་ཁུལ་གྱི་འཕྲིན་གཏོང་ས་ཚིགས་སུམ་བརྒྱ་ཉེར་བརྒྱད་དང་། འོད་སྐུད་སྤྱི་ལེ་ལྔ་བརྒྱ་ང་བརྒྱད་སླར་གསོ་བྱས་ནས། ས་འགུལ་རོགས་སྐྱོབ་བཀོད་འདོམས་དང་གཞུང་ལམ་ཤར་གཏོང་སོགས་ལ་ཐེངས་དྲུག་བརྒྱ་ཉེར་གསུམ་རོགས་སྐྱོབ་བྱས།
རྗེས་མར། སི་ཁྲོན་ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུས་ཀྱིས་ཞིང་ཆེན་ཡོངས་ཀྱི་འཕྲིན་གཏོང་ལས་རིགས་རྩ་འཛུགས་ཡག་པོ་བྱས་ནས། གཙོ་བོར་འཕྲིན་གཏོང་ཞིག་གསོ་དང་ཐོགས་མེད་ཡོང་བར་བྱས་ཏེ། འཕྲིན་གཏོང་སྒྲིག་ཆས་སྲ་བརྟན་དང་ཡངས་ལམ་རྒྱ་བསྐྱེད་དེ། གནོད་ཁུལ་གྱི་འཕྲིན་གཏོང་དང་དྲ་རྒྱ་བརྟན་ཞིང་ཐོགས་མེད་ཡོང་གང་ཐུབ་དང་། ད་རུང་གནོད་རྗེས་བསྐྱར་བསྐྲུན་འགོ་བརྩམས་ནས། སྔ་ཙམ་ནས་འཆར་འགོད་དང་བསྐྱར་སྐྲུན་བྱེད་གནས་བདམས་ནས། སྤྱི་པའི་འཕྲིན་གཏོང་དྲ་རྒྱའི་གནོད་འགོག་ནུས་པ་ཇེ་དྲག་གཏོང་བ་མ་ཟད། མི་དམངས་མང་ཚོགས་ལ་ཡིད་རྟོན་རུང་བའི་འཕྲིན་གཏོང་འགན་སྲུང་དང་ཞབས་ཞུ་བསྒྲུབ་རྒྱུ་རེད།
འཕྲིན་སྟེགས། weikangba