ལྕགས་ཟམ་རྫོང་གི་ས་འགུལ་རིམ་པ་དྲུག་ཚེག་བརྒྱད་ཀྱི་གཏོར་ཚད་དཔེ་རིས་ཁྱབ་བསྒྲགས་བྱས།

2022-09-11
719

ཆེས་མཐོའི་ས་འགུལ་གཏོར་ཚད་ཏུའུ་དགུ་ལ་ཟིན།  ལྕགས་ཟམ་རྫོང་གི་ས་འགུལ་རིམ་པ་དྲུག་ཚེག་བརྒྱད་ཀྱི་གཏོར་ཚད་དཔེ་རིས་ཁྱབ་བསྒྲགས་བྱས།

  ཟླ་བ་དགུ་པའི་ཚེས་བཅུ་གཅིག་ཉིན། བབ་བསྟུན་དོ་དམ་པུའུ་ཡིས་ལྕགས་ཟམ་རྫོང་གི་ས་འགུལ་རིམ་པ་དྲུག་ཚེག་བརྒྱད་ཀྱི་གཏོར་ཚད་དཔེ་རིས་ཁྱབ་བསྒྲགས་བྱས།  ཟླ་བ་དགུ་པའི་ཚེས་ལྔ་ཉིན་གྱི་ཉིན་གུང་གི་ཆུ་ཚོད་བཅུ་གཉིས་དང་སྐར་མ་ང་གཉིས་ཐོག   སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ་དྲུག་ཚེག་བརྒྱད་བྱུང་། ས་འགུལ་བྱུང་རྗེས་བབ་བསྟུན་དོ་དམ་པུའུ་ཡི་ཀྲུང་གོ་ས་འགུལ་ཅུས་ཀྱི་ས་འགུལ་བྱུང་སར་ཡོད་པའི་ལས་སྒྲུབ་རུ་ཁག་གིས་ས་འགུལ་བྱུང་སའི་ལས་ཀར་བརྟག་དཔྱད་བྱེད་པའི་ཚད་གཞི་དང་། ཀྲུང་གོའི་ས་འགུལ་གཏོར་ཚད་རེའུ་མིག་གཞིར་བཟུང་ནས།  གནོད་ཁུལ་གྱི་བརྟག་དཔྱད་བྱ་ཡུལ་ཉིས་བརྒྱའི་གནོད་སྐྱོན་ཐེབས་ཚུལ་ལ་བརྟག་དཔྱད་བྱས་པ་མ་ཟད། ས་འགུལ་ལས་གས་ཆག་བྱུང་བའི་གྲུབ་ཚུལ་དང་། དཔྱད་ཆས་ཀྱིས་བརྟག་དཔྱད་བྱེད་པའི་ས་འགུལ་གཏོར་ཚད།   འགུལ་འཕྲོ་ཁྱབ་ཚུལ།   ས་འགུལ་འབྱུང་གནས་ཀྱི་གོ་རིམ། མི་མེད་གནམ་གྲུའི་རྒྱང་ཚོར་སོགས་ཚན་རྩལ་གྲུབ་འབྲས་དཔྱད་གཞིར་བཟུང་བ་དང་། ས་འགུལ་དྲག་པོའི་ལྟ་ཞིབ་ཚད་ལེན་ཟིན་ཐོ་དང་ཟུང་དུ་སྦྲེལ་ནས། ཐེངས་འདིའི་ས་འགུལ་གྱི་གཏོར་ཚད་ཁྱབ་ཚུལ་གཏན་འཁེལ་བྱས་་པ་རེད།

  སི་ཁྲོན་ལྕགས་ཟམ་ས་འགུལ་གྱི་གཏོར་ཚད་ཆེས་མཐོ་བ་ཏུའུ་དགུ་ལ་ཟིན། ས་འགུལ་གས་སྲུབས་འགྲོ་ཕྱོགས་དེ་བྱང་ནས་ནུབ་ཕྱོགས་སུ་བསྲིངས་པ། མདའ་རིང་སྤྱི་ལེ་བརྒྱ་དང་གོ་ལྔ་ཡོད་པ་དང་། མདའ་ཐུང་སྤྱི་ལེ་བརྒྱ་དང་བཅུ་གཉིས་ཡོད། ས་འགུལ་གཏོར་ཚད་ཏུའུ་དྲུག་ཅན་གྱི་ས་ཁུལ་དང་དེ་ཡན་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཆིག་ཁྲི་དགུ་སྟོང་བརྒྱ་མེད་གྱ་དགུ་ལ་ཟིན། བསྡོམས་པས་སི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་གསུམ་གྱི་རྫོང་དང་གྲོང་ཁྱེར། ཆུས་བཅས་བཅུ་གཉིས་དང་། ཞང་དང་གྲོང་རྡལ། ཁྲོམ་སྲང་བཅས་གྱ་གཉིས་ལ་གནོད་པ་ཐེབས་ཡོད།

  ས་འགུལ་གཏོར་ཚད་ཏུའུ་དགུ་ཅན་གྱི་ས་ཁུལ་ལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཉིས་བརྒྱ་བརྒྱད་ཅུ་ཡོད།  གཙོ་བོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལྕགས་ཟམ་རྫོང་གི་འབོ་ཞབས་གྲོང་རྡལ་དང་།   གདན་ཐོག་གྲོང་རྡལ་།  ཁུག་རྟ་ལུང་པའི་གྲོང་རྡལ་། ཏེ་ཝེ་གྲོང་རྡལ་དང་།  གཡག་རྔ་གྲོང་ཁྱེར་ཧྲི་མོན་རྫོང་གི་ཝང་ཀང་ཕིང་དབྱིས་རིགས་བོད་རིགས་ཞང་དང་ཚའོ་ཁོ་བོད་རིགས་ཞང་།  སྡེ་གསར་བོད་རིགས་དབྱིས་རིགས་ཞང་བཅས་བསྡོམས་པས་ཞང་དང་གྲོང་རྡལ་བདུན་ལ་གནོད་པ་ཐེབས་ཡོད། 

  ས་འགུལ་གཏོར་ཚད་ཏུའུ་བརྒྱད་ཅན་གྱི་ས་ཁུལ་ལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ལྔ་བརྒྱ་བཅུ་མེད་ལྔ་ཡོད། གཙོ་བོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལྕགས་ཟམ་རྫོང་གི་འབོ་ཞབས་གྲོང་རྡལ་དང་།   གདན་ཐོག་གྲོང་རྡལ།  ཁུག་རྟ་ལུང་པའི་གྲོང་རྡལ།  ཏེ་ཝེ་གྲོང་རྡལ་དང་།  གཡག་རྔ་གྲོང་ཁྱེར་ཧྲི་མོན་རྫོང་ཝང་ཀང་ཕིང་དབྱིས་རིགས་བོད་རིགས་ཞང་དང་ཚའོ་ཁོ་བོད་རིགས་ཞང་།  སྡེ་གསར་བོད་རིགས་དབྱིས་རིགས་ཞང་བཅས་བསྡོམས་པས་ཞང་དང་གྲོང་རྡལ་བདུན་ལ་གནོད་པ་ཐེབས་ཡོད། 

  ས་འགུལ་གཏོར་ཚད་ཏུའུ་བདུན་ཅན་གྱི་ས་ཁུལ་ལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་སུམ་སྟོང་དྲུག་བརྒྱ་བཅུ་མེད་བརྒྱད་ཡོད། གཙོ་བོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལྕགས་ཟམ་རྫོང་ཁུག་རྟ་ལུང་པ་གྲོང་རྡལ་དང་ལྕགས་ཟམ་གྲོང་རྡལ། ཏེ་ཝེ་གྲོང་རྡལ། འབོ་ཞབས་གྲོང་རྡལ། རི་མཇུག་གྲོང་རྡལ། ཞིན་ལུང་གྲོང་རྡལ། གདན་ཐོག་གྲོང་རྡལ། བུམ་པ་གྲོང་རྡལ་བཅས་དང་། དར་མདོ་གྲོང་ཁྱེར་གྱི་གཉའ་ལུང་འགོ་ཁྲོམ་སྲང་དང་གངས་དཀར་གྲོང་རྡལ། བརྒྱད་ཟིལ་རྫོང་གི་ཧུང་པ་ཞང་དང་ཝན་པ་གྲོང་རྡལ་དང་། གཡག་རྔ་གྲོང་ཁྱེར་ཧྲི་མོན་རྫོང་གི་ཚའོ་ཁོ་བོད་རིགས་ཞང་དང་། ཞེ་ལོ་བོད་རིགས་ཞང་། ཨན་ཧྲུན་ཁྲང་གྲོང་རྡལ། ཝང་ཀང་ཕིང་དབྱིས་རིགས་བོད་རིགས་ཞང་། ཧྥོང་ལེ་ཞང་། ཞིན་མོན་ཁྲོམ་སྲང་། དབྱིན་ཀྲེན་ཞང་། མེ་ལོ་གྲོང་རྡལ། སྡེ་གསར་བོད་རིགས་དབྱིས་རིགས་ཞང་། ཡུང་ཧོ་ཞང་། ཧན་ཡོན་རྫོང་གི་དབྱིས་ཏུང་གྲོང་རྡལ་དང་ཧྥུའུ་ཤང་ཞང་། ཆན་ཡུས་གྲོང་རྡལ། དབྱིང་ཅིང་རྫོང་གི་ཉིའུ་པེ་ཧྲན་གྲོང་རྡལ། ཐེན་ཆོན་རྫོང་གི་ལཱ་པ་ཧོ་གྲོང་རྡལ་བཅས་ཁྱོན་བསྡོམས་ཞང་དང་གྲོང་རྡལ། ཁྲོམ་སྲང་ཉེར་བདུན་ལ་གནོད་པ་ཐེབས་ཡོད།

  ས་འགུལ་གཏོར་ཚད་ཏུའུ་དྲུག་ཅན་གྱི་ས་ཁུལ་ལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཆིག་ཁྲི་བཞི་སྟོང་དྲུག་བརྒྱ་གོ་དྲུག་ཡོད། གཙོ་བོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཞང་དང་གྲོང་རྡལ། ཁྲོམ་སྲང་སོ་གཉིས་དང་། གཡག་རྔ་གྲོང་ཁྱེར་གྱི་ཞང་དང་གྲོང་རྡལ། ཁྲོམ་སྲང་སོ་ལྔ། ལིའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་གྱི་ཞང་དང་གྲོང་རྡལ་དགུ་བཅས་ཁྱོན་བསྡོམས་ཞང་དང་གྲོང་རྡལ། ཁྲོམ་སྲང་དོན་དྲུག་ལ་གནོད་པ་ཐེབས་ཡོད།

  གཞན་ཡང་། ས་འགུལ་གཏོར་ཚད་ཏུའུ་དྲུག་ཅན་གྱི་ས་ཁུལ་ལ་མི་གཏོགས་པའི་ཞང་དང་གྲོང་རྡལ་ལ་ལ་དང་ས་ཁུལ་ཁ་ཤས་ལའང་ས་འགུལ་གནོད་པ་ཐེབས་ཡོད་པ་དང་། ཁང་པ་རྙིང་པ་ཁ་ཤས་ལ་གཏོར་སྐྱོན་བཟོས་ཡོད།

  ཐེངས་འདིའི་ས་འགུལ་གྱི་ཁྱད་ཆོས་མངོན་གསལ་ནི་ས་འགུལ་ལས་ས་གཤིས་གནོད་སྐྱོན་ཚབས་ཆེན་མང་པོ་བཟོས་པ་དང་། མི་སྣ་མང་པོར་ཤི་རྨས་ཐེབས་པ། ཁང་པ་དང་རྨང་གཞི་སྒྲིག་ཆས་མང་པོ་ལ་གཏོར་བརླག་ཐེབས་པ། ས་ཁུལ་མང་པོའི་གཞུང་ལམ་དང་འཕྲིན་གཏོང་། ཆུ་དང་གློག་སོགས་ཆད་པ་དེ་རེད། ཆེད་མཁས་པ་རྣམས་ཀྱིས་ས་གཤིས་གནོད་སྐྱོན་མང་པོ་བྱུང་ས་རུ་འགོག་སྲུང་བྱེད་ཐབས་དང་སྔོན་འགོག་འདུ་ཤེས་སྔར་ལས་ཇེ་དྲག་གཏོང་དགོས་པར་འདོད།



  • 顶 0