ལོ་རེའི་ལུགས་རྙིང་གི་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ནི་ཟླ་མཆོད་དུས་ཆེན་ཡིན།

2022-09-10
1351

  རང་རྒྱལ་གྱི་ལོ་རེའེ་ལུགས་རྙིང་གི་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ནི་ཟླ་མཆོད་དུས་ཆེན་ཡིན་ལ་དེ་ནི་སྟོན་ཟླ་འབྲིང་པོའི་ཚེས་བཅོ་ལྔའི་ཉིན་ཡིན་པས་དུས་ཆེན་གྱི་མིང་ལ་ཡང་རྒྱ་སྐད་ཀྱིས་ཀྲུང་ཆོའུ་ཅེ་ཞེས་འབོད་པ་རེད། དུས་ཆེན་འདི་ནི་ཐང་རྒྱལ་རབས་སྐབས་སུ་དངོས་སུ་དུས་ཆེན་ལ་ངོས་འཛིན་བྱས་པའི་དུས་ཆེན་ཞིག་རེད།

༢༠༠༨ལོར་རྒྱལ་ཁབ་ཀྱིས་འདས་མཆོད་དུས་ཚིགས་དང་། སྣྲོན་ཟླའི་བཅོ་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན་བཅས་ཁྲིམས་བཀོད་ངལ་གསོའི་དུས་ཆེན་ལ་གཏན་ཁེལ་བྱས་པ་རེད།

  ཟླ་མཆོད་དུས་ཆེན་ཞེས་པའི་མིང་གི་འབྱུང་ཁུངས་ནི་རང་རྒྱལ་གྱི་ལུགས་རྙིང་གི་རྩིས་ལྟར་ལོ་གཅིག་གི་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་རེ་རེར་དུས་ཀྱི་(འགོ་མ་孟དང་བར་མ)།མཐའ་མ་(季)བཅས་སུ་བགོ་སྲོལ་ཡོད་པ་བཞིན་ཟླ་མཆོད་དུས་ཆེན་ནི་སྟོན་ཟླ་འབྲིང་བར་ཁེལ་འདུག་པས་རྒྱའི་ཡིག་གཟུགས་ཐད་ནས་(中秋节)འདི་ལྟར་འབྲི་སྲོལ་ཡང་ཡོད་པ་རེད།

  ཟླ་མཆོད་དུས་ཆེན་ལ་ད་དུང་བརྒྱད་པའི་དུས་ཆེན་དང་ཟླ་རྩེན་དུས་ཆེན་སོགས་འབོད་སྲོལ་འདྲ་མིན་ཡོད་པ་རེད།

  དུས་ཆེན་འདི་ནི་ཁྱིམ་མི་མཉམ་འཛོམས་ཀྱི་དུས་ཆེན་ཞིག་ཀྱང་ཡིན་ལ་དུས་ཆེན་འདིར་གཟའ་མི་ཡོངས་ལྷན་དུ་འཛོམས་ནས་ཟླ་གོར་ཟ་བ་དང་གླུ་དབྱངས་ལེན་པ། ཞབས་བྲོ་འཁྲབ་པ་སོགས་ཀྱི་སྲོལ་ཡོད་པ་རེད།

  ཟླ་གོར་ནི་དུས་ཆེན་འདིའི་ཆེས་མེད་དུ་མི་རུང་བའི་ཟས་མཆོག་ཡིན་ལ། ཟླ་གོར་ཟ་བའི་སྲོལ་དེ་ནི་མེན་རྒྱལ་རབས་སྐབས་སུ་དར་ཞིང་གྲོ་ནས་སྲན་གསུམ་སོགས་འབྲི་རིགས་མང་པོས་གྲུབ་ཅིང་དེས་ནི་མི་ལ་ལོངས་སྤྱོད་འཛོམས་ཤིང་ཞིང་ལ་ལོ་ལེགས་འབྱུང་བའི་རྟེན་འབྲེལ་དང་སྨོན་འདུན་མཚོན་པ་རེད།


  • 顶 0