ཞི་ཅིན་ཕིང་དང་ས་ལེས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

2022-09-10
659

  སྤྱི་ཟླ་9ཚེས་9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི། སའེ་ནེ་ཅའར་གྱི་ཙུང་ཐུང་ས་ལེས་ཕན་ཚུན་རྟེན་འབྲེལ་ཞུ་བའི་གློག་འཕྲིན་གཏོང་རེས་གནང་ནས། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་བཙུགས་ནས་ལོ་ངོ་20འཁོར་བ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་20འཁོར་བར་ཕན་ཚུན་རྟེན་འབྲེལ་ཞུ་བའི་གློག་འཕྲིན་གཏོང་རེས་གནང་ཡོད།

  ཞི་ཅིན་ཕིང་གིས། ལོ་ངོ་20ཚུན་དུ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་སྣེ་ཁྲིད་ནས་མཉམ་དུ་རང་སྟོབས་རང་སྤེལ་དང་། གོང་འཕེལ་དར་རྒྱས། གཞི་གཅིག་ཅན་གྱི་འཛུགས་སྐྲུན་བཅས་ཀྱི་ལམ་བུའི་ཐོག་གོམ་གཞེང་ཆེན་པོས་མདུན་སྐྱོད་བྱས་པ་དང་། ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་དང་། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་བཅས་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཐོག་ཨ་ཧྥེ་རི་ཁའི་སྟོབས་ཤུགས་འདོན་སྤེལ་བྱས་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ནི་སྔར་ནས་སྐྱིད་སྡུག་མཉམ་མྱོང་གི་གྲོགས་པོ་བཟང་པོ་དང་། རོགས་ཟླ་བཟང་པོ། གཅེན་གཅུང་བཟང་པོ་བཅས་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་བར་གྱི་འབྲེལ་བས་རྒྱལ་སྤྱིའི་འཕོ་འགྱུར་སྣ་ཚོགས་ཀྱི་ཚོད་བགམ་བརྒྱུད་པ་དང་། མཉམ་ལས་ཀྱི་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས། ཀྲུང་ཧྥེའི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་དང་དུས་རབས་གསར་པའི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་ཆེད་གལ་ཆེའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད། ངོས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་འབྲེལ་བའི་གོང་འཕེལ་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཙུང་ཐུང་ས་ལེ་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཁོངས་གཏོགས་རྒྱལ་ཁབ་ཀྱི་གཙོ་བདག་གཞན་དག་དང་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་20འཁོར་བ་འགོ་འཛུགས་ས་གསར་པར་བརྩིས་ཐོག ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་མཉམ་ལས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་སྐབས་བརྒྱད་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་གྲུབ་འབྲས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཕར་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་གལ་ཆེན་བྱེད་པའི་གནད་དོན་ཐད་ཕ་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་བྱ་དོན་ཁྲོད་བཟུང་བའི་འཐུས་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་ཟམ་མི་ཆད་པར་ཤུགས་ཆེར་གཏོང་བ་བཅས་བྱས་ཏེ།  དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་ཆེད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད་ཅེས་བསྟན་གནང་ཡོད། 

  ས་ལེས། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་བཙུགས་ནས་ལོ་ངོ་20འཁོར་བའི་སྐབས་འདིར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་དེའི་ཐོག་ནས་ཨ་ཧྥེ་རི་ཁ་གླིང་དང་ཀྲུང་གོའི་མི་དམངས་བར་གྱི་མཛའ་གྲོགས་ཟབ་མོ་གང་ལེགས་མངོན་ཡོད་པས།  ངོས་ནས་ཁྱེད་རང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ནས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་བར་གྱི་སྲོལ་རྒྱུན་མཛའ་གྲོགས་དང་། མཐུན་སྒྲིལ་མཉམ་ལས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སྒྲོམ་གཞིའི་འོག་གསོན་ཤུགས་ཀྱིས་ཁེངས་པའི་རོགས་ཟླའི་འབྲེལ་བ་བཅས་ལ་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད། ངོས་ནས་ཁྱེད་རང་ལ་ཨ་ཧྥེ་རི་ཁ་གླིང་གིས་ཀྲུང་གོ་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོས་མཛའ་གྲོགས་ཀྱི་ཀྲུང་གོ་དང་ལག་གདང་སྦྲེལ་ནས་མཉམ་དུ་དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་བསྐྱར་བཤད་ཞུ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།


  • 顶 0