ཧོང་ཆང་གཡག་རྔ་གྲོང་ཁྱེར་ཧྲི་མན་རྫོང་དུ་ཕེབས་ནས་གནོད་སེལ་རྒུད་སྐྱོབ་ལས་ཀར་མཛུབ་སྟོན་གནང་།

2022-09-09
776

 ཟླ་བ་དགུ་པའི་ཚེས་བརྒྱད་ཉིན། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་ཧོང་ཆང་གིས་ལྕགས་ཟམ་རྫོང་གི་དགུ་པའི་ཚེས་ལྔ་ཉིན་གྱི་ས་འགུལ་གྱི་གནོད་སྐྱོན་ཚབས་ཆེན་ཕོག་པའི་གཡག་རྔ་གྲོང་ཁྱེར་ཧྲི་མན་རྫོང་དུ་ཕེབས་ནས། གནོད་སེལ་རྒུད་སྐྱོབ་ཀྱི་ལས་ཀར་མཛུབ་སྟོན་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་།  ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གནོད་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་ཡི་བླང་བྱ་དང་ཞིང་ཆེན་ཨུ་ལྷན་གྱི་བཀོད་སྒྲིག་ལྟར། མུ་མཐུད་དེ་ནུས་ཤུགས་ཡོད་རྒུས་སྲོག་སྐྱོབ་དང་། གོ་རིམ་ལྡན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་གནོད་སེལ་རྒུད་སྐྱོབ་ཀྱི་ལས་ཀ་ཁག་སྒྲུབ་པ་དང་། གནོད་་ཁུལ་གྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་བྱས་ནས། གནོད་སེལ་རྒུད་སྐྱོབ་ལས་ཀ་ཆེན་པོ་འདིའི་རྒྱལ་ཁ་བརྩོན་ལེན་བྱེད་དགོས་ཞེས་ནན་གསུང་གནང་། 


  • 顶 0