ས་འགུལ་རྨས་མ་སྐྱོབ་བཅོས་དང་གནོད་རྗེས་རིམས་འགོག་ལས་དོན་བདེ་བླག་ངང་སྤེལ་འདུག
གནོད་རྗེས་རོགས་སྐྱོབ་ཀྱི་ཉིན་བཞི་པར། སྨན་བཅོས་དང་རིམས་འགོག་ལས་དོན་བརྟན་པོ་དང་བདེ་བླག་ངང་ནས་སྤེལ་འདུག རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་གི་སྨན་བཅོས་རོགས་སྐྱོབ་རུ་ཁག་ཁག་བཞི་པ་གཡག་རྔར་མངག་གཏོང་བྱས་ནས།གཡག་རྔ་གྲོང་ཁྱེར་མི་དམངས་སྨན་ཁང་ལྟེ་བ་བཟུང་ཞིང་ལྕགས་ཟམ་ཁའི་ས་འགུལ་ཁོངས་ཡོངས་སུ་ཁྱབ་འགྱེད་བྱས་ཏེ་ས་འགུལ་ཁྲོད་ཀྱི་རྨས་མ་ལྕི་ཤོས་ལ་སྨན་བཅོས་མཛུབ་སྟོན་གནང་ནས་མི་གཅིག་ཀྱང་མི་ལུས་པར་གང་ཐུབ་བྱེད། ཕྱོགས་སོ་སོས་ལྷག་བསམ་རྣམ་དག་གིས་མཉམ་ལས་བྱས་ནས་མཐའ་གཅིག་ཏུ་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་ནད་ཡམས་དང་འཕྲལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ལྟ་ཞིབ་ཚད་ལེན་གྱི་ཚོར་ནུས་མཐོར་འདེགས་བཏང་ཡོད།གནད་འགག་དམ་འཛིན་བྱས་ནས་རིམས་འགོག་ཐམས་ལམ་ལག་བསྟར་ཏན་ཏིག་བྱས་ཏེ།གནོད་རྗེས་འཕྲོད་བསྟེན་རིམས་འགོག་ཤེས་བྱ་ཁྱབ་གདལ་སོགས་ལེགས་པོ་བྱས་ནས། ཕྱོགས་ཡོངས་སུ་བབ་བསྟུན་མྱུར་སྐྱོབ་དང་རིམས་འགོག་ཚོད་འཛིན་ཉེན་མེད་ཡོང་བར་ཁག་ཐེག་བྱས།
འཕྲིན་སྟེགས། weikangba