གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་བ་དགུ་པའི་ཚེས་བརྒྱད་ཉིན་གྱི་ཞོགས་པའི་ཆུ་ཚོད་བདུན་དང་སྐར་མ་སུམ་ཅུའི་བར། འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཁུངས་ཀྱིས་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་གི་དགུ་པའི་ཚེས་ལྔའི་ས་འགུལ་གནོད་སྐྱོན་ཐེབས་ཚུལ་ལ་ཞིབ་བཤེར་བྱས། བསྡོམས་པས་གཞུང་ལམ་སྤྱི་ལེ་ཆིག་ཁྲི་དྲུག་སྟོང་བདུན་བརྒྱ་བཅུ་མེད་བརྒྱད་ལ་ལ་ཞིབ་བཤེར་བྱས་ཡོད། དེའི་ནང་མྱུར་བགྲོད་གཞུང་ལམ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ། ཞིང་སྡེའི་གཞུང་ལམ། གཞུང་ལམ་ཟམ་པ་བཅས་གནོད་པ་ཐེབས་ས་བརྒྱ་དང་དོན་གཉིས་ལ་ཞིབ་བཤེར་བྱས། གཙོ་བོར་ལམ་བརྡིབས་ས་དང་ལམ་འགྲམ་གྱི་རི་ཉིལ་སར་ཞིབ་བཤེར་བྱས་ཡོད།
འཕྲིན་སྟེགས། weikangba