སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་ལས་ཁུངས་ཀྱིས་མྱུར་བགྲོད་གཞུང་ལམ་གྱི་ཐོགས་མེད་བགྲོད་ལམ་ཆིག་སྟོང་སུམ་བརྒྱ་གོ་བདུན་ཤར་གཏོང་བྱས།

2022-09-09
477

གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བ་དགུ་པའི་ཚེས་བརྒྱད་ཉིན་གྱི་སྔ་དྲོའི་ཆུ་ཚོད་བདུན་དང་སྐར་མ་སུམ་ཅུའི་བར་དུ། སི་ཁྲོན་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཁུངས་ཀྱིས་མྱུར་བགྲོད་གཞུང་ལམ་གྱི་ཐོགས་མེད་བགྲོད་ལམ་ཆིག་སྟོང་སུམ་བརྒྱ་གོ་བདུན་ཤར་གཏོང་བྱས་ནས། བབ་བསྟུན་རོགས་སྐྱོབ་རླངས་འཁོར་ཉིས་སྟོང་དགུ་བརྒྱ་ཉེར་བརྒྱད་ཡོན་མེད་དང་མྱུར་བགྲོད་ཐུབ་པར་བྱས་ཡོད།

ཟླ་བ་དགུ་པའི་ཚེས་བརྒྱད་ཉིན་གྱི་སྔ་དྲོའི་ཆུ་ཚོད་བདུན་དང་སྐར་མ་སུམ་ཅུའི་བར། སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཁུངས་ཀྱིས་རོགས་སྐྱོབ་རུ་ཁག་བསྡོམས་པས་མི་ཐེངས་ཉིས་སྟོང་བརྒྱད་བརྒྱ་གྱ་གཉིས་མངགས་ཡོད་ལ། རྐོ་འདྲུའི་འཕྲུལ་འཁོར་དང་འདེགས་འབེབས་འཕྲུལ་འཁོར། བབ་བསྟུན་སྒུལ་ཤུགས་གྲུ་ཟམ་སོགས་རོགས་སྐྱོབ་འཕྲུལ་འཁོར་དྲུག་བརྒྱ་དགུ་བཅུ་བཀོད་སྒྲིག་བྱས་ནས། བསྡོམས་པས་གནོད་པ་ཐེབས་པའི་ལམ་བརྒྱ་དང་ཉེར་ལྔ་སླར་གསོ་ཐུབ་ཡོད། ལམ་དུམ་ཆད་གནས་བཞི་བཅུ་དང་། ཉེན་ཁ་ཡོད་པའི་ཟམ་པ་དང་ཕུག་ལམ་ལ་དོ་དམ་ས་ཚིགས་བཙུགས་པ་དང་མི་སྣ་བརྒྱ་དང་ཞེ་བདུན་བཀོད་སྒྲིག་བྱས་པ་མ་ཟད། ཉེན་སྟོན་མཚོན་རྟགས་དང་མཚོན་བྱང་། ཉེན་འགོག་ས་ཐིག་བརྒྱ་དང་གོ་གཉིས་བཀོད་སྒྲིག་བྱས་ཡོད།

དཀར་མཛེས་ཁུལ་གྱིས་བསྡོམས་པས་བབ་བསྟུན་འགྲུལ་སྐྱེལ་དང་ཟོང་འདྲེན་རླངས་འཁོར་བརྒྱ་དང་ང་བདུན་གྲ་སྒྲིག་བྱས་ཏེ། རྒུད་སྐྱོབ་དང་རིམས་འགོག་དངོས་རྫས་ཏུན་ལྔ་བརྒྱ་བདུན་ཅུ་སྐྱེལ་འདྲེན་བྱས་ཡོད། གཡག་རྔ་གྲོང་ཁྱེར་གྱིས་བསྡོམས་པས་བབ་བསྟུན་འགྲུལ་སྐྱེལ་དང་ཟོང་འདྲེན་རླངས་འཁོར་ཉིས་བརྒྱ་ཉི་ཤུ་གྲ་སྒྲིག་བྱས་ནས། རྒུད་སྐྱོབ་འཕྲུལ་འཁོར་དང་རྒུད་སྐྱོབ་དངོས་རྫས། རིམས་འགོག་དངོས་རྫས་བཅས་ཏུན་བརྒྱད་བརྒྱ་བཅུ་མེད་བརྒྱད་སྐྱེལ་འདྲེན་བྱས་ཡོད། ཁྲེན་ཏུའུ་དང་ལེ་ཧྲན། མེ་ཧྲན་བཅས་གྲོང་ཁྱེར་གསུམ་གྱིས་བསྡོམས་པས་བབ་བསྟུན་འགྲུལ་སྐྱེལ་དང་ཟོང་འདྲེན་རླངས་འཁོར་བདུན་བརྒྱ་ཉི་ཤུ་གྲ་སྒྲིག་བྱས་ནས། དུས་དང་རྣམ་པར་ཀུན་ཏུ་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར་ཆོག་པར་བྱས།  ཆུ་ལམ་ཐད་ནས། འགྲིམ་འགྲུལ་ལས་ཁུངས་ཀྱིས་གྲུ་གཟིངས་བདུན་རྩ་འཛུགས་བྱས་ནས། བཀག་ལུས་ཐེབས་པའི་མི་སེར་དང་རྨས་མ། རོགས་སྐྱོབ་རུ་ཁག་བཅས་སྐྱེལ་འདྲེན་བྱས། བསྡོམས་པས་མི་ཐེངས་ཉིས་སྟོང་བརྒྱ་མེད་ང་གསུམ་སྐྱེལ་འདྲེན་བྱས་པ་དང་། བབ་བསྟུན་དངོས་ཟོག་དྲུག་སྟོང་ལྷག་སྐྱེལ་འདྲེན་བྱས་ཡོད།


  • 顶 0