ཀྲུང་དབྱང་དམག་ཨུས་ཧྲང་ཅང་དམག་དཔོན་གྱི་གོ་གནས་སྤྲོད་པའི་མཛད་སྒོ་བསྡུས་པ།
ཞི་ཅིན་ཕིང་གིས་བཀའ་བཀོད་འཛིན་ཡིག་གནང་བར་མ་ཟད་གོ་གནས་སྤར་བའི་དམག་དཔོན་ལ་རྟེན་འབྲེལ་ཞུས།
ཀྲུང་དབྱང་དམག་ཨུའི་ཧྲང་ཅང་དམག་དཔོན་གྱི་གོ་གནས་སྤྲོད་པའི་མཛད་སྒོ་ཚེས8ཉིན་པེ་ཅིན་བརྒྱད་གཅིག་ཐོག་ཁང་ཆེན་མོར་བསྡུས། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གོ་གནས་སྤྲོད་པའི་མཛད་སྒོར་ཞུགས།
སྔ་དྲོའི་དུས་ཚོད11སྟེང་། གོ་གནས་སྤྲོད་པའི་མཛད་སྒོ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་མགོ་བརྩམས། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལིའང་གིས་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་རྟགས་བཀོད་པའི་ཧྲང་ཅང་དམག་དཔོན་གྱི་གོ་གནས་སྤྲོད་པའི་བཀའ་རྒྱ་སྒྲོག་འདོན་གནང་། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་གོ་གནས་སྤྲོད་པའི་མཛད་སྒོར་མགོ་འཛིན་གནང་།
ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་གོ་གནས་སྤྲོད་པའི་བྱང་ཕྱོགས་འཐབ་ཁུལ་གྱི་དམག་སྤྱི་ཝང་ཆང་ལ་བཀའ་བཀོད་འཛིན་ཡིག་གནང་བ་དང་རྟེན་འབྲེལ་ཞུས། ཧྲང་ཅང་དམག་དཔོན་གྱི་དཔུང་རྟགས་བཏགས་པའི་ཝང་ཆང་གིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་དང་། མཛད་སྒོར་ཞུགས་མཁན་གྱི་བློ་མཐུན་ཡོངས་ལ་གུས་འདུད་ཞུས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས། གོ་གནས་སྤྲོད་པའི་མཛད་སྒོ་སྐད་གསང་མཐོན་པོའི་དམག་གླུའི་ཁྲོད་དུ་མཇུག་རྫོགས།
ཀྲུང་དབྱང་དམག་ཨུའི་ཨུ་ཡོན་ཝེ་ཧྥེང་ཧོ་དང་མིའོ་ཧྭ། ཀྲང་ཧྲེང་རྨིན་བཅས་དང་། དམག་ཨུའི་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་དམག་དཔུང་པེ་ཅིན་དུ་སྡོད་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་སོགས་གོ་གནས་སྤྲོད་པའི་མཛད་སྒོར་ཞུགས།།
འཕྲིན་སྟེགས། weikangba