ཏང་ཀྲུང་དབྱང་གིས་དགུ་པའི་ཚེས་ལྔའི་ལྕགས་ཟམ་རྫོང་གི་ས་འགུལ་གནོད་འཚེར་མཐོང་ཆེན་ཚད་མེད་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས། ཚེ་སྲོག་མྱུར་སྐྱོབ་བྱ་རྒྱུ་ལས་འགན་གཙོ་བོར་བཞག་པ་དང་། ནུས་ཤུགས་ཡོད་དགུས་གནོད་ཐེབས་མང་ཚོགས་སྐྱོབ་པ་དང་། མི་སྣ་ཤི་རྨས་ཚད་ཇེ་ཉུང་གཏོང་དགོས་པའི་བླང་བྱ་བཏོན། འདས་པའི་ཆུ་ཚོད་དོན་གཉིས་རིང་། ས་གནས་སོ་སོའི་རོགས་སྐྱོབ་མི་ལག་གིས་ཚེ་སྲོག་སྐྱོབ་པའི་དུས་བཟང་འདི་དམ་འཛིན་བྱས་ནས། མྱུར་སྐྱོབ་དང་། བཀག་ལུས་ཐེབས་པ་དང་། རྨས་ཕོག་པའི་མང་ཚོགས་གནས་སྤོར་བྱས་པ་དང་། ཚེ་སྲོག་བླ་ན་མེད་པའི་སྙིང་སྟོབས་ལ་བརྟེན་ནས། དུས་ཚོད་དམ་འཛིན་བྱས།
འཕྲིན་སྟེགས། weikangba