ཟླ་བ་དགུ་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཅིག་ལ། ཀྲུང་ལུགས་དང་བོད་ལུགས་ཀྱི་སྨན་ཁུ་སྐོར་ཞིག་ཡང་དར་མདོ་གྲོང་ཁྱེར་མི་རིགས་སྨན་ཁང་ནས་ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་གྱི་ས་འགུལ་གནོད་ཁུལ་དུ་བསྐྱལ་ཡོད།
ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་རིང་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་དམིགས་བསལ་ ཕན་ནུས་དང་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་ཆེད། དཀར་མཛེས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཀྲུང་ལུགས་དང་བོད་ལུགས་ཀྱི་སྨན་སྣ་གཅིག་གྱུར་སྡེབ་སྦྱོར་བྱས་ཏེ། ཉིན་མཚན་གྱི་ལས་སྦྲེལ་ནས་མི་ཉིས་ཁྲི་ལྔ་སྟོང་ལ་འདང་བའི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་གི་སྨན་ཁུ་བསྐོལ་ནས། བདེ་འགོད་གནས་ཀྱི་མང་ཚོགས་དང་། སྨན་བཅོས་རོགས་སྐྱོབ་གནས་ཀྱི་རྨས་མ་དང་ལས་སྒྲུབ་པ། རྒུད་སྐྱོབ་ཡུལ་དངོས་ཀྱི་མི་སྣ། འགག་མདོ་སྲུང་མཁན་བཅས་ལ་བསྐྱལ་ཡོད། ཟླ་བ་དགུ་པའི་ཚེས་བདུན་ཉིན་གྱི་བར། མི་ཆིག་ཁྲི་ཉིས་སྟོང་ལ་སྨན་འདི་སྦྱིན་ནས། གནོད་ཁུལ་དུ་ཏོག་གསར་གློ་ཚད་རིམས་ནད་དང་རིམས་ནད་གཞན་པ་མི་མཆེད་པར་བྱས་ཡོད།

ཀྲུང་ལུགས་དང་བོད་ལུགས་ཀྱི་སྨན་ཁུ་ས་འགུལ་ཐེབས་ཁུལ་དུ་སྐྱེལ་བ།
ཉིང་སྐྱུར་བརྟག་དཔྱད་བྱ་ཡུལ་དུ་ཀྲུང་ལུགས་དང་བོད་ལུགས་ཀྱི་སྨན་ཁུ་སྐྱེལ་བ།
འཕྲིན་སྟེགས། weikangba