ཅི་ཞིག་ནི་ས་འགུལ་ཉེན་བརྡ་ཡིན་པ་དང་། ཁ་པར་ཐོག་ཉེན་བརྡ་ཇི་ལྟར་གཏོང་དགོས།

2022-09-08
653

ཅི་ཞིག་ནི་ས་འགུལ་ཉེན་བརྡ་ཡིན་པ་དང་། ཁ་པར་ཐོག་ཉེན་བརྡ་ཇི་ལྟར་གཏོང་དགོས། 

ཅི་ཞིག་ནི་ས་འགུལ་ཉེན་བརྡ་ཡིན་པ་དང་། ཁ་པར་ཐོག་ཉེན་བརྡ་ཇི་ལྟར་གཏོང་དགོས་ཞེ་ན། ཟླ་9ཚེས་7ཉིན་སི་ཁྲོན་སློབ་ཆེན་གྱི་དགེ་རྒན་ཆེ་མོ། ས་འགུལ་ཉེན་ བརྡ་དང་གནོད་སྐྱོན་རིགས་མང་ཉེན་བརྡའི་བེད་སྤྱོད་ཆ་འཕྲིན་ལག་རྩལ་གྱི་སི་ཁྲོན་ཞིང་ཆེན་གྱི་ཚོད་ལྟ་ཁང་གཙོ་བོའི་ཀྲུའུ་རེན་ཁྲེང་ཏུའུ་ཀའོ་ཞིས་གནོད་འཕྲི་ཞིབ་འཇུག་ཁང་གི་འགོ་འཛིན་ཝང་ཏུན་གྱིས་འགྲེལ་བཤད་བྱས།  

རང་རྒྱལ་གྱིས་བཟོས་པའི་ཁ་པར་མང་པོ་ལ་ཉེན་བརྡ་གཏོང་བའི་བྱེད་ནུས་ལྡན།  

ས་འགུལ་ཉེན་བརྡ་དང་ས་འགུལ་སྔོན་བརྡ་གཉིས་རྒྱུན་དུ་ནོར་བཞིན་འདུག ཡིག་འབྲུ་གཅིག་ལ་ཁྱད་པར་ཆེན་པོ་ཡོད། ཝང་ཏུན་གྱིས་ས་འགུལ་སྔོན་བརྡ་ཞེས་པ་ནི་ས་འགུལ་མ་བྱུང་གོང་ཞིབ་འཇུག་དང་དབྱེ་ཞིབ་བྱས་ནས། རྗེས་སུ་བྱུང་བའི་ས་འགུལ་རིམ་པ་དང་།དུས་ཚོད།ས་གནས་བཅས་ལ་སྔོན་དཔག་དང་སྔོན་བརྡ་བཏང་བ་ཞིག་ལ་ཟེར། ས་འགུལ་ཉེན་བརྡ་ཞེས་པ་ནི་ས་འགུལ་བྱུང་རྗེས་གནོད་སྐྱོན་ཆེ་བའི་འགུལ་རླབས་ཀྱིས་ད་དུང་ས་འགུལ་བྱུང་ཡུལ་ལ་གནོད་པ་མ་ཐེབས་གོངགི་སྐར་ཆ་འགའ་དང་ཡང་ན་སྐར་ཆ་བཅུ་ཕྲག་གི་སྔོན་ལ་ཉེན་བརྡ་གཏོང་བར་གོ་དགོས་ཞེས་བཤད།

ཐེངས་འདིར་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ་དྲུག་ཚེག་བརྒྱད་ཅན་བྱུང་སྐབས། ཁྲེང་ཏུའུ་ཀའོ་ཞིན་གནོད་འཕྲི་ཞིབ་འཇུག་ཁང་དང་ཀྲུང་གོ་ས་འགུལ་བརྟག་དཔྱད་ཅུས་ཀྱིས་མཉམ་དུ་བཙུགས་པའི་སྐམ་ས་ཆེན་མོའི་ས་འགུལ་གྱི་ཉེན་བརྡའི་དྲ་བའི་ཐོག་ས་འགུལ་གྱི་ཉེན་བརྡ་བཏང་ཡོད་ཅེས་བཤད། ཝང་ཏུན་གྱིས་མིག་སྔར་རང་རྒྱལ་གྱིས་བཟོས་པའི་ཁ་པར་མང་པོ་ཞིག་ལ་ས་འགུལ་གྱི་ཉེན་བརྡ་གཏོང་བའི་ནུས་པ་ལྡན་ཞེས་ངོ་སྤྲོད་བྱས། ཁ་པར་གྱི་བཀོལ་སྤྱོད་མ་ལག་ནང་དུ་ས་འགུལ་གྱི་ཉེན་བརྡ་གཏོང་བའི་མ་ལག་བཞག་ན།ཁ་པར་སྤྱོད་མཁན་གྱིས་ས་འགུལ་གྱི་ཉེན་བརྡའི་མགྲོན་སྣེ་མ་ཕབ་ནའང་ས་འགུལ་གྱི་ཉེན་བརྡ་གཏོང་བའི་ནུས་པ་ལྡན་པས། མི་སེར་གྱིས་དུས་རྒྱུན་ས་འགུལ་གནོད་འཚེའི་ཉེན་བརྡའི་མགྲོན་སྣེ་ཕབ་དཀའ་བའི་གནད་དོན་བསལ་ཡོད་ཅེས་མཚམས་སྦྱོར་བྱས། ཝང་ཏན་གྱིས་ཁ་པར་ནང་བཀོལ་སྤྱོད་མ་ལག་བཞག་ན། ད་དུང་ས་འགུལ་གྱི་ཉེནབརྡའི་ཆ་འཕྲིན་དག་ཆེས་མཐོ་བའི་རིམ་པར་བསྐུར་ཐུབ་པས།   བརྡ་འཕྲིན་དུས་ཐོག་ཏུ་གཏོང་མི་ཐུབ་པའི་གནད་དོན་བསལ་ཐུབ་ཅེས་བཤད།

ཁེབས་མི་ཐུབ་ས་ཇེ་ཆུང་དང་ཉེན་བརྡ་མགྱོགས་པོར་གཏོང་བ། མ་འོངས་པར་ལག་འཕྲིན་ནི་ས་འགུལ་ལྟ་ཞིབ་ཚད་ལེན་རྟེན་གཞིར་འགྱུར་ཤས་ཆེ། 

ཝང་ཏུན་གྱིས་ཁྲེན་ཏུའུ་ཀའོ་ཞིན་གནོད་འཕྲི་ཞིབ་འཇུག་ཁང་གིས་༢༠༡༠ལོ་ནས་བཟུང་བབ་བསྟུན་ལས་ཁུངས་དང་། ས་འགུལ་བརྟག་དཔྱད་ལས་ཁུངས་བར་མཉམ་འབྲེལ་བྱས་ནས་ས་ཁྱོན་བསྡོམས་སྤྱི་ལེ་གྲུ་བཞི་མ་༢༤༠ལ་ཁེབས་པའི་སྐམ་སའི་ས་འགུལ་ཉེནབརྡའི་དྲྭ་བ་ལས་ཚར་པ་དང་། གནོད་སྐྱོན་ཅན་གྱི་ས་འགུལ་ཐེངས་མ་དོན་གསུམ་ལ་སྔོན་བརྡ་བཏང་ཐུབ་ཡོད། ༢༠༡༣ལོའི་སི་ཁྲོན་ལུའུ་ཧྲན་གྱི་ས་འགུལ་རིམ་པ་བདུན་ཅན་དང་། ༢༠༡༧ལོའི་གཟི་རྩ་སྡེ་དགུའི་ས་འགུལ་རིམ་པ་བདུན་ཅན་སོགས་རེད། 

ད་ལྟར་སྤྱོད་བཞིན་པ་ནི་སྐམ་སའི་ས་འགུལ་ཉེནབརྡའི་དྲྭ་བ་རབས་གཉིས་པ་རེད། ཉེན་བརྡ་མགྱོགས་པོར་གཏོང་ཐུབ་པ་དང་སྔ་ལས་བརྟན་པོ། ཁེབས་རྒྱ་སྔར་ལས་ཆེ་བ། རྟེན་གཞི་སྔར་ལས་མང་བ། ཞབས་ཞུའི་ཁྱབ་ཁོངས་སྔ་ལས་རྒྱ་ཆེ་བས་སི་ཁྲོན་ས་འགུལ་ཁུལ་གྱི་མི་གྲངས་ལ་ཁེབས་ཚད་བརྒྱ་ཆའི་གོ་དགུ་ཟིན་ཡོད། 

ས་འགུལ་བྱུང་དུས་རིག་ནུས་ཁ་པར་ནང་གི་ཚོར་ཆས་ཀྱིས་མགྱོགས་པོར་ཚོར་ཐུབ་པ་དང་། ལག་འཕྲིན་གྱིས་ས་འགུལ་ཆ་འཕྲིན་འབྱོར་མ་ཐག་ཉེན་བརྡའི་ལྟེ་གནས་ཀྱི་ཞབས་ཞུ་ཆས་ལ་ཆ་འཕྲིན་གཏོང་ཐུབ། ཉེན་བརྡའི་ལྟེ་གནས་ཀྱི་ཞབས་ཞུ་ཆས་ཀྱིས་ལག་འཕྲིན་ཆ་འཕྲིན་མང་པོར་བརྟེན་ནས་ས་འགུལ་བྱུང་ཡོད་མེད་བརྡར་ཤ་གཅོད་པ་དང་། བརྡར་ཤ་བཅད་རྗེས་དེ་མ་ཐག་ས་འགུལ་ཉེན་བརྡའི་རིམ་པ་དང་། འགུལ་ལྟེ། འགུལ་བའི་དུས་་ཚོད་སོགས་རྩིས་བརྒྱབ་ནས། འགུལ་ལྟེའི་ཉེ་འགྲམ་གྱི་གནོད་པ་ཐེབས་སྲིད་པའི་མི་ཚོགས་ལ་ཉེན་བརྡ་གཏོང་རེད་ཅེས་བཤད། ཝང་ཏུན་གྱིས་རྗེས་མར་མི་ཡོད་སར་ས་འགུལ་ཉེནབརྡ་གཏོང་ཐུབ་པའི་རེ་བ་ཡོད་ཅེས་བཤད།


  • 顶 0