དཀར་མཛེས་ཁུལ་སྲིད་གཞུང་གི་གསར་འགྱུར་གཞུང་ལས་ཁང་གི་ཆ་འཕྲིན་ལྟར་ན། ཟླ་བ་དགུ་པའི་ཚེས་བདུན་ཉིན་གྱི་ཉིན་གུང་གི་ཆུ་ཚོད་བཅུ་གཉིས་བར་དུ། དཀར་མཛེས་ཁུལ་གྱི་དགུ་པའི་ཚེས་ལྔའི་ལྕགས་ཟམ་ས་འགུལ་ལ་བསྡོམས་པས་སྤྱི་ཚོགས་ལས་རིགས་ཁག་གི་བྱམས་སེམས་ཞལ་འདེབས་ཐེངས་ཉིས་ཁྲི་ཆིག་སྟོང་ཆིག་བརྒྱ་སོ་གཉིས་ཕུལ་ནས་སྒོར་བྱེ་བ་དགུ་ས་ཡ་གཉིས་འབུམ་དྲུག་ཁྲི་བདུན་ལྷག་བླངས་ཡོད།
དེའི་ནང་དཀར་མཛེས་ཁུལ་དགེ་རྩ་སྤྱི་ཁྱབ་ཚོགས་པས་བསྡོམས་པས་བྱམས་སེམས་ཞལ་འདེབས་ཐེངས་ཆིག་ཁྲི་ལྔ་སྟོང་རེ་གཉིས་ཀྱི་སྒོར་བྱེ་བ་ལྔ་ས་ཡ་བརྒྱད་འབུམ་དྲུག་ཁྲི་དྲུག་ལྷག་བླངས་ཡོད། དཀར་མཛེས་ཁུལ་རྒྱ་གྲམ་དམར་པོའི་ཚོགས་པས་ཞལ་འདེབས་ཐེངས་དྲུག་སྟོང་བདུན་ཅུའི་སྒོར་བྱེ་བ་གསུམ་ས་ཡ་བཞི་དང་ཁྲི་གཅིག་སྟོང་གསུམ་བླངས་ཡོད།
འབྲེལ་ཡོད་ཞལ་འདེབས་རྩིས་ཐོ་རྗེས་སུ་གཞུང་ཕྱོགས་ཀྱི་འཕྲིན་སྦྱོར་གཙོ་བོའི་ཐོག་སྤྱི་བསྒྲགས་བྱ་རྒྱུ་ཡིན་པ་མ་ཟད། སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐུལ་དང་ལེན་བྱ་རྒྱུ་ཡིན།
ལྕགས་ཟམ་རྫོང་གི་དགུ་པའི་ཚེས་ལྔའི་ས་འགུལ་གནོད་སེལ་རྒུད་སྐྱོབ་ཀྱི་གཏན་འཁེལ་ཞལ་འདེབས་ལེན་ས།
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དགེ་རྩ་སྤྱི་ཁྱབ་ཚོགས་པ།
བྱང་ཨང་། :51001808636051501306;
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྒྱ་གྲམ་དམར་པོའི་ཚོགས་པ།
བྱང་ཨང་། :2321100029000032420。
དེ་མ་ཡིན་པའི་ལས་ཁུངས་དང་རྩ་འཛུགས། མི་སྒེར་བཅས་གང་གིས་ཀྱང་ཞལ་འདེབས་བསྡུས་པ་དག་བདེན་པ་མིན།
འཕྲིན་སྟེགས། weikangba