ཡུས་ཧྲུའུ་ཁུལ་དུ་ཏོག་གསར་ནད་པ7གསར་དུ་བྱུང་འདུག

2022-09-08
340

ཡུས་ཧྲུའུ་ཁུལ་ཏོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།

(2022ལོའི་ཨང44པ)

  ཟླ9པའི་ཚེས7ཉིན་གྱི་ཆུ་ཚོད0ནས་ཆུ་ཚོད24བར། ཡུས་ཧྲུའུ་ཁུལ་དུ་ཏོག་གསར་གློ་ཚད་ནད་དུག་གི་ནད་རྟགས་མེད་པའི་ནད་པ7གསར་དུ་བྱུང་། དེ་དག་ཚང་མ་ནང་ཆེན་རྫོང་གི་གཅིག་བསྡུས་ལོགས་བཀར་དོ་དམ་ཚོད་འཛིན་ཁྲོད་ཤེས་རྟོགས་བྱུང་ལ། ཚང་མ་གཏན་ཁེལ་སྨན་ཁང་དུ་བསྐྱལ་ཟིན། མིག་སྔར་ནང་ཆེན་རྫོང་གི་རིམས་འགོག་གནས་བབ་ཇེ་ལེགས་སུ་སོང་ཏེ། སྤྱི་ཚོགས་ངོས་ཀྱི་འགུལ་རྣམ་གཙང་སེལ་བྱེད་པ་མངོན་འགྱུར་བྱུང་ལ། གྲོང་ཁྱེར་དང་རྫོང་གཞན་དག་གིས་ཐོན་སྐྱེད་དང་འཚོ་བའི་སྒྲིག་རིམ་རིམ་བཞིན་སླར་གསོ་བྱེད་ཀྱིན་ཡོད།

  ཉེ་ཆར་ཁུལ་ནང་ཁུལ་གྱི་རིམས་འགོག་གནས་ཚུལ་ལ་གཞིགས་ནས། རྒྱ་ཆེའི་མང་ཚོགས་ཀྱིས་རིམས་འགོག་བླང་བྱ་བརྩི་སྲུང་ནན་མོ་དང་རིམས་འགོག་དོ་དམ་ལ་གཞོགས་འདེགས་བྱས་ཏེ། དོན་མེད་དུ་ཕྱིར་མི་འགྲོ་ཞིང་འདུ་འཛོམས་མི་བྱེད་པ། དཀྲོག་གཏམ་ལ་མི་ཉན་པ། དཀྲོག་གཏམ་མི་བཤད་པར་ཁ་ལག་གཙང་མར་བཀྲུ་ཞིང་། རླུང་རྒྱུ་རུ་འཇུག་པ། རྨིད་གཅིག་གི་བར་ཐག་བཞག་ནས་རང་ཉིད་ཀྱི་འགོག་སྲུང་ལེགས་པོར་བྱེད་དགོས། ཚན་རིག་དང་མཐུན་པར་ཁ་ཐུམ་རྒྱག་པ་དང་དྲོད་འཇལ་ཨང་བཤེར་སོགས་ཀྱི་འགོག་སྲུང་རེ་བ་ལག་བསྟར་བཟང་པོ་བྱས་ཏེ།  བདེ་འཇགས་ཀྱི་བར་ཐག་འཇོག་པ་རྒྱུན་འཁྱོངས་བྱེད་པ་དང་། གལ་སྲིད་ཚ་རྒྱས་པ་དང་ལུ་བ། མིད་པ་ན་བ། ཟུངས་ཟད་པ། སྣ་དབང་ཉམས་པ། ཕོ་བ་བཤལ་བ་སོགས་ཀྱི་ནད་རྟགས་བྱུང་ཚེ། དུས་ཐོག་ཏུ་ཁ་ཐུམ་བརྒྱབ་ནས་ཚ་བརྟག་སྨན་ཁང་དུ་ཕྱིན་ཏེ་སྨན་བཅོས་བྱ་དགོས།

ཡུས་ཧྲུའུ་ཁུལ་ཏོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ།


  • 顶 0