ཚེས་དྲུག་ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་མཇུག་བསྒྲིལ་རྗེས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དགུ་པའི་ཚེས་ལྔ་ཉིན་གྱི་ལྕགས་ཟམ་ཁའི་ས་འགུལ་གྱི་གནོད་འཚེ་ཚབས་ཆེ་བའི་གཡག་རྔ་གྲོང་ཁྱེར་ཧྲི་མན་རྫོང་དུ་ཕེབས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་གི་འགོ་ཁྲོད་བློ་མཐུན་གྱི་མཆན་འགོད་མཛུབ་སྟོན་བླང་བྱ་བརྒྱུད་བསྒྲགས་གནང་བ་དང་། ཡུལ་དངོས་ནས་གནོད་འཚེའི་གནས་ཚུལ་རྒྱུས་ལོན། གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་ཞུས་པ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་ཟབ་མོ་སྟོབས་ཤུགས་གལ་ཆེན་ལ་བསྒྱུར་བ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས། ཚེ་སྲོག་མྱུར་སྐྱོབ་ལས་འགན་ཨང་དང་པོ་བྱེད་པ། དུས་ཚོད་དམ་འཛིན་བྱས་ནས་གནོད་སེལ་རྒུད་སྐྱོབ། གནོད་ཐེབས་མང་ཚོགས་ལ་ཐག་གཅོད་བཀོད་སྒྲིག མང་ཚོགས་ལ་དངོས་ཡོད་དཀའ་ཁག་དང་གནད་དོན་སེལ་རོགས་བྱེད་པ། གནོད་ཁུལ་གྱི་རྒྱུན་ལྡན་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་སླར་གསོ། གནོད་སེལ་རྒུད་སྐྱོབ་ལས་རྣམ་པར་རྒྱལ་དགོས་ཞེས་ནན་གསུང་གནང་།
འཕྲིན་སྟེགས། weikangba