རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཡན་ལག་འབབ་རྒྱུན་ཏེ་ཝན་ཏུང་གཙང་པོའི་སྐྱིལ་མཚོའི་ཉེན་ཁ་ཐེབས་པའི་མང་ཚོགས་བདེ་སར་བཀོད་སྒྲིག་བྱས།

2022-09-06
849

ཟླ་བ་དགུ་པའི་ཚེས་དྲུག་ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན།  ཚེས་ལྔ་ཉིན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་ལ་ས་འགུལ་རིམ་པ་དྲུག་ཚེག་བརྒྱད་བྱུང་རྗེས།  ལྕགས་ཟམ་རྫོང་བདེ་ཐོག་གྲོང་རྡལ་ཝང་ཏུང་གྲོང་པའི་གཡས་ངོགས་ཀྱི་རི་ཉིལ་ནས།  ཝང་ཏུང་གཙང་པོའི་གཡས་ཕྱོགས་ཀྱི་ལུང་པ་བྲག་རྡོས་བཅད་ནས་སྐྱིལ་མཚོ་ལ་གྱུར།  རྒྱང་ཚོར་གྱིས་དབྱེ་ཞིབ་བྱས་པ་ལྟར་ན།  སྐྱིལ་མཚོ་དེ་རྒྱལ་རོལ་རྒྱལ་མོ་རྔུལ་ཆུའི་འདྲེས་མཚམས་དང་སྤྱི་ལེ་བཞི་ཡི་བར་ཐག་ཡོད། ཝང་ཏུང་གཙང་པོ་རྒྱལ་རོལ་རྒྱལ་མོ་རྔུལ་ཆུར་བཞུར་རྗེས་ཐད་ཀར་རྟ་སྒལ་རི་བོའི་གློག་འདོན་ས་ཚུགས་ཀྱི་ཆུ་མཛོད་དུ་བཞུར།   སྐྱིལ་མཚོ་དེས་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཡན་ལག་འབབ་རྒྱུན་དང་།  སྨད་རྒྱུད་ས་ཁུལ་ལ་གནོད་པ་ཆེན་པོ་ཐེབས་མི་སྲིད།  ཏུང་ཝང་གཙང་པོའི་འགྲམ་ངོགས་ཀྱི་ཉེན་ཁ་ཐེབས་པའི་མི་སེར་བརྒྱ་ལྷག་བདེ་སར་བཀོད་ཡོད།   ཡུལ་དངོས་ནས་ལྟ་ཞིབ་ཚད་ལེན་བྱས་པ་ལྟར་ན།  སྐྱིལ་མཚོའི་ཉེན་ཁ་ཕལ་ཆེར་བསལ་ཡོད།

ཡུལ་དངོས་ལས་སྒྲུབ་ཚོ་ཆུང་གིས་ཏུང་ཝན་གཙང་པོ་དང་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འདྲེས་མཚམས་སུ་ཉེན་སེལ་ལས་ཀ་སྒྲུབ་བཞིན་ཡོད།

མིག་སྔར།  ཞིང་ཆེན་ཆུ་བེད་ཐིང་གིས་ཆེད་མཁས་ཚོ་ཆུང་ཡུལ་དངོས་སུ་སྐྱིལ་མཚོའི་ཉེན་ཁར་ཞིབ་འཇུག་དང་ཐག་གཅོད་བྱེད་སར་མངགས་ཡོད།  ཡུལ་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས་རྩད་ཞིབ་དང་ཞིབ་གཅོད་གང་ལེགས་བྱས་ཏེ།  བབ་བསྟུན་ཐག་གཅོད་བྱེད་ཐབས་གཏན་འབེབས་བྱ་རྒྱུ་རེད།

གསར་འགོད་པས་བབ་བསྟུན་པུའུ་ཡི་རང་བྱུང་གནོད་སྐྱོན་ལས་གཞིའི་རོགས་སྐྱོབ་ལྟེ་གནས་ཀྱི་ཀྲུང་གོ་ཨན་ནིན་འཛུགས་སྐྲུན་ཚོགས་པའི་རོགས་སྐྱོབ་རུ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན།  ཟླ་བ་དགུ་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཅིག་དང་སྐར་མ་བཞི་བཅུའི་ཐོག   ལྕགས་ཟམ་ནས་འབོ་ཞབས་གྲོང་རྡལ་བར་གྱི་གཞུང་ལམ་ཞིག་གསོ་བྱས་ནས།  ཕྱོགས་གཉིས་སུ་རླངས་འཁོར་ཤར་གཏོང་ཐུབ་ཡོད།  

  • 顶