དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་གསར་འགྱུར་གཞུང་ལས་ཁང་གི་ཆ་འཕྲིན་ལྟར་ན། ཟླ་བ་དགུ་པའི་ཚེས་དྲུག་ཉིན་གྱི་སྔ་དྲོའི་ཆུ་ཚོད་བདུན་པའི་བར། ཞིང་ཆེན་དང་ཁུལ་ནས་གནོད་ཁུལ་དུ་རྒུད་སྐྱོབ་ཆེད་ལས་མི་སྣ་བཞི་སྟོང་སུམ་བརྒྱ་གྱ་བཞི་མངགས་ཡོད། དེའི་ནང་མེ་གསོད་རྒུད་སྐྱོབ་རུ་ཁག་གི་མི་ལྔ་བརྒྱ་ཞེ་གསུམ་དང་། ནགས་ཚལ་མེ་གསོད་མེ་འགོག་རུ་ཁག་གི་མི་སུམ་བརྒྱ་དགུ་བཅུ། དྲག་ཆས་ཉེན་རྟོག་པ་དགུ་བརྒྱ་ང་ལྔ། སྐམ་དམག་ཤོག་སྒྲིག་དཔུང་ཚོགས་དོན་བདུན་པའི་མི་ཉིས་བརྒྱ་སུམ་ཅུ། སྤྱི་བདེ་ཉེན་རྟོག་པ་བཞི་བརྒྱ་བདུན་ཅུ། ས་གནས་ཕྱོགས་བསྡུས་རྒུད་སྐྱོབ་རུ་ཁག་གི་མི་བརྒྱད་ཅུ། ཀྲུང་གོ་ཨན་ནིན་འཛུགས་སྐྲུན་ཚོགས་པའི་རྒུད་སྐྱོབ་མི་སྣ་གོ་བརྒྱད། སྲིད་ཁྲིམས་ལས་ཁུངས་ཀྱི་མི་རེ་ལྔ། ཁུལ་དང་རྫོང་བབ་བསྟུན་སྡེ་ཁག་གི་མི་ལྔ་བཅུ། བབ་བསྟུན་ཡུལ་དམག་བཞི་བརྒྱ་གོ་བརྒྱད། སྨན་བཅོས་འགན་སྲུང་མི་སྣ་བརྒྱ་དང་བཅུ་དགུ། རླངས་འཁོར་སོ་གཅིག ས་གཤིས་གནོད་འཚེ་བབ་བསྟུན་རུ་ཁག་གི་མི་ཉིས་བརྒྱ་ཉེར་བདུན་དང་རླངས་འཁོར་ང་བདུན། མི་མེད་གནམ་གྲུ་དྲུག་ཅུ། ཆུ་བེད་ཆེད་མཁས་པའི་ཚོ་ཆུང་གི་མི་བཅུ་གསུམ། བརྡ་འཕྲིན་འགན་སྲུང་མི་སྣ་བརྒྱ་དང་རེ་གཅིག་དང་བབ་བསྟུན་འགན་སྲུང་རླངས་འཁོར་སོ་དགུ སྣུམ་འཁོར་ཉི་ཤུ། ཀུང་དབྱང་མྱུར་སྐྱོར་རུ་ཁག་གི་མི་བཅུ། གློག་ཤུགས་ཀྱི་མྱུར་སྐྱོབ་མི་སྣ་ཉིས་བརྒྱ་དང་བཅོ་ལྔ། མྱུར་སྐྱོབ་རླངས་འཁོར་ཞེ་གཉིས་བཅས་ཡོད་པ་དང་། འགྲིམ་འགྲུལ་འགན་སྲུང་ཐད་མྱུར་སྐྱོབ་མི་སྣ་ཉིས་བརྒྱ་དང་དྲུག་ཅུ། འཕྲུལ་ཆས་བརྒྱ་དང་བཅུ་མེད་གཉིས། མྱུར་སྐྱོབ་རླངས་འཁོར་བཞི་བརྒྱ་སུམ་ཅུ་ལྷག མྱུར་སྐྱོབ་སྒྲིག་ཆས་སུམ་སྟོང་ལྔ་བརྒྱ། འཕྲུལ་ཆས་ཆེ་གྲས་གོ་བརྒྱད་བཅས་ཡོད། ན་གཞོན་དང་བླངས་པ་སུམ་སྟོང་སུམ་བརྒྱ་སུམ་ཅུ་དང་ཏང་ཡོན་དང་བླངས་པ་བརྒྱད་སྟོང་བདུན་བརྒྱ་སོ་གསུམ་རྩ་འཛུགས་བྱས་ནས་གུར་ཕུབ་པ་དང་སྒྲིག་ལམ་སྲུང་བ་དང་གད་སྙིགས་གཙང་སེལ་བཅས་བྱེད་བཞིན་ཡོད།
འཕྲིན་སྟེགས། weikangba