ལྕགས་ཟམ་རྫོང་གི་ས་འགུལ་ཁྲོད་མི་ཞེ་དྲུག་རྐྱེན་ལམ་དུ་ཤོར།

2022-09-05
765

ཟླ་དགུ་པའི་ཚེས་ལྔ་ཉིན་གྱི་ཉིན་གུང་ཆུ་ཚོད་བཅུ་གཉིས་དང་སྐར་མ་ང་གཉིས་ཐོག་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་༼བྱང་གི་འཕྲེད་ཐིག་ཏུའུ་ཉེར་དགུ་ཚེག་ལྔ་དགུ་དང་ཤར་གྱི་གཞུང་ཐིག་ཏུའུ་བརྒྱ་དང་གཉིས་ཚེག་ཐིག་བརྒྱད་༽དུ་ས་འགུལ་རིམ་པ་དྲུག་ཚེག་བརྒྱད་ཅན་བྱུང་བ་དང་ཡོམ་ཁུངས་གཏིང་ཚད་སྟོང་སྨི་བཅུ་དྲུག་ཟིན་ཡོད། ཚེས་ལྔ་ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་དང་སྐར་མ་སུམ་ཅུའི་བར། ས་འགུལ་ཁྲོད་མི་ཞེ་དྲག་རྐྱེན་ལམ་དུ་ཤོར་ཡོད་ལ། དེའི་ནང་སན་དཀར་མཛེས་ཁུལ་དུ་མི་ཉེར་དགུ་དང་གཡག་རྔ་གྲོང་ཁྱེར་དུ་མི་བཅུ་ཡོད། མི་བཅུ་དྲུག་ལ་འབྲེལ་བ་བྱེད་ཐུབ་མི་འདུག་པ་དང་མི་ལྔ་བཅུ་ལྷག་ལ་རྨས་ཕོག་འདུག ཤི་རྨས་གནས་ཚུལ་ཞིབ་ཕྲ་བསྡོམས་རྩིས་བྱེད་སྒང་རེད། 

  • 顶 0