མྱུར་དུ་བྱ་སྤྱོད་སྤེལ་ནས་གནོད་སེལ་རྒུད་སྐྱོབ་ཀྱི་ལས་ཀ་ཡག་པོ་སྒྲུབ་པས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱེད་གང་ཐུབ་བྱེད་དགོས།

2022-09-05
961

 ཟླ་བ་དགུ་པའི་ཚེས་ལྔ་ཉིན་གྱི་ཉིན་གུང་གི་ཆུ་ཚོད་བཅུ་གཉིས་དང་སྐར་མ་ང་གཉིས་ཐོག དཀར་མཛེས་ཁུལ་ལྕགས་ཟམ་རྫོང་ས་འགུལ་རིམ་པ་དྲུག་ཚེག་བརྒྱད་བྱུང་། ས་འགུལ་བྱུང་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནོད་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་དང་བབ་བསྟུན་དོ་དམ་པུའུ་ཡིས་མྱུར་དུ་རྒྱལ་ཁབ་ས་འགུལ་བབ་བསྟུན་དང་ལེན་རིམ་པ་གསུམ་པ་སྤེལ་བ་དང་། ངེད་ཞིང་ཆེན་ལ་ལས་དོན་ཚོ་ཆུང་བཏང་ནས་ཡུལ་དངོས་ཀྱི་གནོད་སེལ་རྒུད་སྐྱོབ་ལས་ཀར་མཛུབ་སྟོན་བྱེད་པར་མངགས། ཞིང་ཆེན་གནོད་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་ཡིས་བབ་བསྟུན་དང་ལེན་རིམ་པ་གཉིས་པ་སྤེལ། ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་བབ་བསྟུན་དོ་དམ་ཐིང་དུ་ཕེབས་ནས། ལྕགས་ཟམ་ཁའི་ས་འགུལ་མྱུར་སྐྱོབ་རྒུད་སྐྱོབ་ཀྱི་ལས་ཀར་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་ནང་ནས་འཚོགས་པ་དང་། གནོད་སེལ་རྒུད་སྐྱོབ་ཀྱི་ལས་ཀར་བཀོད་འདོམས་གནང་། ཁོང་གིས། མི་དམངས་གཙིགས་སུ་འཛིན་པ་དང་ཚེ་སྲོག་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། མྱུར་དུ་བྱ་སྤྱོད་སྤེལ་ནས་ནུས་ཤུགས་ཡོད་རྒུས་གནོད་སེལ་རྒུད་སྐྱོབ་ཀྱི་ལས་ཀ་ཡག་པོ་བསྒྲུབ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་གང་ཐུབ་བྱེད་དགོས་ཞེས་གསུངས་པ་རེད། 

  • 顶 0