ཞི་ཅིན་ཕིང་གིས་སི་ཁྲོན་དཀར་མཛེས་ལྕགས་ཟམ་རྫོང་དུ་རིམ་པ་དྲུག་ཚེག་བརྒྱད་ཀྱི་ས་འགུལ་བྱུང་བར་མཛུབ་སྟོན་གལ་ཆེན་གནང་བ་དང་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་།

2022-09-05
1274

 ཞི་ཅིན་ཕིང་གིས་སི་ཁྲོན་དཀར་མཛེས་ལྕགས་ཟམ་རྫོང་དུ་རིམ་པ་དྲུག་ཚེག་བརྒྱད་ཀྱི་ས་འགུལ་བྱུང་བར་མཛུབ་སྟོན་གལ་ཆེན་གནང་བ་དང་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་།

图片

      པེ་ཅིན་དུས་ཚོད་ཟླ་བ་དགུ་པའི་ཚེས་ལྔ་ཉིན་གྱི་ཉིན་གུང་ཆུ་ཚོད་བཅུ་གཉིས་དང་སྐར་མ་ང་གཉིས་ཐོག  སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ་དྲུག་ཚེག་བརྒྱད་བྱུང་ནས། འགུལ་ཁུངས་སྤྱི་ལེ་བཅུ་དྲུག་རེད། ད་བར་དུ་ས་འགུལ་ལས་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་སུམ་ཅུ་ལྷག་རྨས་ཡོད། ཆུ་དང་གློག འགྲིམ་འགྲུལ། བརྡ་འཕྲིན་སོགས་རྨང་གཞིའི་སྒྲིག་ཆས་ཁ་ཤས་ལ་གཏོར་བཤིག་ཐེབས་ཡོད།

     ས་འགུལ་བྱུང་རྗེས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷག་ཏུ་མཐོང་ཆེན་གནང་བ་མ་ཟད་མཛུབ་སྟོན་གལ་ཆེན་གནང་སྟེ། སི་ཁྲོན་དཀར་མཛེས་ལྕགས་ཟམ་རྫོང་དུ་རིམ་པ་དྲུག་ཚེག་བརྒྱད་ཀྱི་ས་འགུལ་བྱུང་ནས་མི་སྣ་ཤི་རྨས་ཆེན་པོ་ཐེབས་པས། ཚེ་སྲོག་མྱུར་སྐྱོབ་དེ་ལས་འགན་གཙོ་བོར་བཟུང་ནས་གནོད་ཐེབས་མང་ཚོགས་མྱུར་སྐྱོབ་གང་ཐུབ་བྱས་ནས་མི་སྣ་ཤི་རྨས་ཇེ་ཉུང་དུ་གཏོང་དགོས། ས་འགུལ་གནས་ཚུལ་ལྟ་ཞིབ་ཚད་ལེན་ཇེ་དྲག་དང་ཞོར་བྱུང་གནོད་འཚེ་སྔོན་འགོག  གནོད་ཐེབས་མང་ཚོགས་ཀྱི་ཉེན་བྱོལ་བཀོད་སྒྲིག་སོགས་ཀྱི་ལས་ཀ་ཡག་པོར་བསྒྲུབ་དགོས། བབ་བསྟུན་དོ་དམ་སྡེ་ཁག་སོགས་ལས་ཁུངས་ཀྱིས་ལས་སྒྲུབ་ཚོ་ཆུང་སི་ཁྲོན་དུ་གནོད་སེལ་རྒུད་སྐྱོབ་ལས་ཀའི་མཛུབ་སྟོན་ནང་མངག་རོགས་གྱིས། བཅིངས་འགྲོལ་དམག་དང་དྲག་སྤྲས་ཉེན་རྟོག་དཔུང་སྡེ་ཡིས་ས་གནས་ལས་ཀར་གཞོགས་འདེགས་གང་ཐུབ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་འགན་སྲུང་གང་ཐུབ་བྱེད་དགོས་ཞེས་གསུངས། 

     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གནང་ནས། གནོད་ཁུལ་གྱི་གནས་ཚུལ་རྩིས་ཞིབ་དང་དོད་དང་། རྨས་མ་མྱུར་སྐྱོབ་དང་སྨན་བཅོས་གང་ཐུབ། རི་ཉིལ་བ་དང་འདམ་རྡོ་ཆུ་རུད་སོགས་ཞོར་བྱུང་གནོད་འཚེ་ལ་དོགས་གཟབ་དང་སྔོན་འགོག་བྱས་ཏེ།  གནོད་ཐེབས་མང་ཚོགས་བཀོད་སྒྲིག་འོས་འཚམ་དང་གནོད་སྐྱོན་ཐེབས་པའི་འགྲིམ་འགྲུལ་དང་བརྡ་འཕྲིན་སོགས་ཀྱི་རྨང་གཞི་སྒྲིག་ཆས་ཞིག་གསོ་གང་ཐུབ་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་ས་གནས་དེ་གའི་གནོད་སེལ་རྒུད་སྐྱོབ་ཐད་མཛུབ་སྟོན་དང་རྒྱབ་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

     ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལི་ཁེ་ཆང་གི་བླང་བྱ་ལྟར། བབ་བསྟུན་དོ་དམ་པུའུ་དང་རང་བྱུང་ཐོན་ཁུངས་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཁག་གིས་ལས་སྒྲུབ་ཚོ་ཆུང་མངག་ནས་གནོད་ཁུལ་དུ་གནོད་སེལ་རྒུད་སྐྱོབ་ལ་མཛུབ་སྟོན་བྱེད་བཞིན་ཡོད། སི་ཁྲོན་ཞིང་ཆེན་དང་དཀར་མཛེས་ཁུལ་གྱིས་མྱུར་སྐྱོབ་སྟོབས་ཤུགས་རྩ་འཛུགས་བྱས་ནས་མྱུར་སྐྱོབ་བྱས་པ་མ་ཟད།  སྦྲ་གུར་དང་ཉལ་ཐུལ། ལྟེབ་ཁྲི་སོགས་རྒུད་སྐྱོབ་དངོས་ཟོག་བཀོད་སྒྲིག་བྱས་ནས་གནོད་ཐེབས་ས་ཁུལ་དུ་བསྐྱལ་ཡོད། གནོད་སེལ་རྒུད་སྐྱོབ་ལས་ཀ་ཁག་ད་ལྟ་ཛ་དྲག་ངང་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད།


  • 顶 0