ཟླ་བ་དགུ་པའི་ཚེས་ལྔ་ཉིན་གྱི་ཆུ་ཚོད་བཅུ་གཉིས་དང་སྐར་མ་ང་གཉིས་ཐོག སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ་དྲུག་ཚེག་བརྒྱད་བྱུང་། འགུལ་ཁུངས་ཟབ་ཚད་སྟོང་སྨི་བཅུ་དྲུག་འདུག སི་ཁྲོན་ཞིང་ཆེན་ནོར་སྲིད་ཐིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཀོད་སྒྲིག་ལྟར། དུས་ཐོག་ནོར་སྲིད་བབ་བསྟུན་འགན་སྲུང་ནང་རྐྱེན་ལག་ལེན་བསྟར་ནས། ཕྱི་དྲོའི་ཆུ་ཚོད་གསུམ་དང་སྐར་མ་ཉི་ཤུ་ཐོག་མྱུར་དུ་དཀར་མཛེས་ཁུལ་ལ་ཆེད་སྤྱོད་རོགས་དངུལ་སྒོར་བྱེ་བ་ལྔ་གནོད་ཁུལ་གྱི་ས་འགུལ་གནོད་སེལ་རྒུད་སྐྱོབ་ཐད་བཏང་ནས། གནོད་སེལ་རྒུད་སྐྱོབ་ལས་ཀ་ལ་དུས་ཐོག་ཏུ་སྒྲུབ་ཐུབ་པར་བྱས། དེ་མིན་དུས་ཐོག་ཏུ་མི་སྣ་བཀོད་སྒྲིག་བྱས་ནས་གནོད་ཁུལ་གྱི་གནས་ཚུལ་རྒྱུས་ལོན་དང་ཡུལ་དངོས་སུ་ནོར་སྲིད་འགན་སྲུང་ལས་ཀར་མཛུབ་སྟོན་བྱས་པ་རེད། རྗེས་མར་ནོར་སྲིད་ཐིང་གིས་གནོད་སེལ་རྒུད་སྐྱོབ་ཀྱི་མཁོ་དགོས་ལྟར་བབ་བསྟུན་རྒུད་སྐྱོབ་ཀྱི་མ་དངུལ་ཐད་རྒྱབ་སྐྱོར་གང་ཐུབ་བྱ་རྒྱུ་རེད།
འཕྲིན་སྟེགས། weikangba