རིམས་ནད་ལ་ཁ་གཏད་གཅོག་པའི་ཉིང་ཁྲི་གྲོང་ཁྱེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་བརྡ་ཁྱབ།
༢༠༢༢ལོའི་ཨང་༤༤པ།
ཉིང་ཁྲི་གྲོང་ཁྱེར་རིམས་ནད་འགོག་ཟོན་གྱི་གནས་བབ་གཞིར་བཟུང་། རིགས་གཅིག་མཁས་པས་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་བརྒྱུད། ༢༠༢༢ལོའི་ཟླ་༩ཚེས་༥ཉིན་གྱི་ཆུ་ཚོད་༩པ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་རྒྱལ་ལམ་༣༡༨འཁལ་འཐག་བཟོ་གྲྭའི་ལམ་དུམ་ཤར་ངོས་དང་ནུབ་ངོས་གཉིས་ཀྱི་དྲ་མིག་ས་ཁོངས་དགུ་པ་དང་། བདེ་སྐྱིད་ལམ་ཤར་ངོས་ལམ་དུམ། ཧྲོང་ཡུང་ལྷོ་ལམ། ཞི་མཐུན་ལམ་ཤར་ངོས་ལམ་དུམ། ཀོང་ཀྲོའུ་ལམ་ཆེན་ལྷོ་ངོས་ལམ་དུམ། ཀོང་པོ་ལམ་ཆེན་དཀྱིལ་ངོས་ལམ་དུམ། བརྒྱད་གཅིག་ཁྲོམ་གཞུང་དཀྱིལ་ངོས་ལམ་དུམ་ཧོ་ཝེ་ཁོངས་ཀྱི་དྲ་མིག་ས་ཁོངས་བཅུ་བཞི་པ། པདྨ་སྒང་ལམ་ནུབ་ངོས་ལམ་དུམ། མགྲོན་བསུའི་ལམ་ཆེན་ལྷོ་ངོས་ལམ་དུམ། ནན་ཡོའེ་ལམ་ཆེན། ཉང་ཆུ་གཙང་པོའི་ཆུ་རགས་དྲ་མིག་བཅུ་དགུ་པའི་ས་ཁོངས་ཁག་ཅིག་བཅས་ལ་གནས་སྐབས་ཀྱི་སྤྱི་ཚོགས་ཐོག་བཀག་སྡོམ་བྱེད་མཚམས་འཇོག་རྒྱུ་དང་། གཙང་འགྲམ་ལམ་ཆེན་དང་། ནན་ཡོའེ་ལམ་ཆེན་ཤར་གཏོང་རྒྱུན་འཁྱོངས་བྱས་ཏེ། ཐོན་སྐྱེད་དང་འཚོ་བ་གོ་རིམ་ཡོད་པའི་ངང་སླར་གསོ་བྱ་རྒྱུ་རེད།
འཕྲིན་སྟེགས། weikangba